དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་མའི་རྨི་ལམ་སྐར་ཚོགས་ཀྱིས་བྲན་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གྱང་ཆག   |     སྤེལ་དུས།  2024-03-17

    ཨ་མའི་མཚན་མོ།

    སྒོ་ཁྱིའི་ཟུག་སྐད་ཀྱིས་བསྲུངས་ཡོད།

    ཨ་མའི་རྨི་ལམ།

    ཟླ་འོད་དང་སྐར་ཚོགས་ཀྱི་ཟིལ་པས་བྲན་ཡོད།

    ཨ་མའི་རྐང་རྗེས།

    འུ་ཚང་གི་མཚེར་ས་རེ་རེའི་ཁོར་མོ་ཡུག་ན་དཔར་ཡོད།

    ཨ་མའི་སྐྱ་རེངས།

    འབྲི་མོའི་རྭ་རྩེ་ཡིས་བཏེགས་ཡོད།

    ཨ་མའི་འཛུམ་མདངས།

    ནང་མི་གང་པོའི་སྙིང་ལ་བཞད་ཡོད།

    རྩྭ་ཐང་དང་སྤྲིན་དཀར།

    ཨ་མའི་ཟོ་ཁ་རུ་ལྟེམས་ཡོད།

    ནོར་ལུག་དང་མེ་ཏོག

    ཨ་མའི་སེམས་ཁ་ན་འཛུམ་ཡོད།


    དགུ་ཚིགས་ཀྱི་གཙང་པོས་བརླན་པའི་ནམ་མཁའ་སྔོན་པོ།

    ཉི་ནུབ་ཀྱི་གཤམ་དུ་ཤར་བའི་མཚམས་སྤྲིན་གྱི་མཛེས་སྡུག

    ཨ་མའི་གོམ་འགྲོས་ཀྱི་བར་ན་སྨིན་ཞིང་།

    ཨ་མའི་དཔྲལ་བར་ཕྲེད་དུ་བབས་པའི་རི་མོ་རེ་རེ་ལས་འཚེར།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།