དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • 2024ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་འཁྱེར་འབུལ་བའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-02

    བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར། 2024ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་འཁྱེར་འབུལ་བའི་མཛད་སྒོ་ལྷ་ལྡན་གཙུག་ལག་ཁང་དུ་འཚོགས་པ་རེད།

    ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཀྲས་ལྷུན་དགོན་གྱི་མཁན་པོ་དཀའ་ཆེན་རྡོ་རྗེ་རྒྱལ་མཚན་གྱིས་ཤིས་ཚིག་བསྒྲོན་པ་དང་ཆབས་ཅིག ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་ཚབ་ཞུས་ནས་མཚན་གནས་ཐོབ་པའི་རྒྱུགས་འབུལ་དགེ་འདུན་པར་མཇལ་དར་བསྒྲོན་པ་དང་མཚན་གནས་ལག་འཁྱེར་གནང་བ་རེད།

    དམ་བཅའ་འཇོག་རིང་། རྒྱུགས་འབུལ་དགེ་འདུན་པ་ཚོས་གཞུང་ཆེན་བཀའ་པོད་ལྔ་དང་འབྲེལ་བའི་ནང་དོན་ལ་གཞིགས་ནས་རྟགས་གསལ་བཏང་གནང་བ་རེད། དཔྱད་བསྡུར་ཨུ་ལྷན་གྱིས་དཔྱད་བསྡུར་ནན་པོ་བྱས་པ་བརྒྱུད། སྡེ་གསུམ་དགོན་གྱི་དགེ་འདུན་པ་བློ་བཟང་ཕུན་ཚོགས་ལ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཨང་དང་པོ་ཐོབ་པ་དང་། འབྲས་སྤུངས་དགོན་གྱི་ངག་དབང་འཇམ་དབྱངས་ལ་ཨང་གཉིས་པ་ཐོབ་པ། རབ་བརྟན་དགོན་གྱི་འཕྲིན་ལས་རྒྱ་མཚོར་ཨང་གསུམ་པ་ཐོབ་པ། དབྱེན་འདུམ་དགོན་གྱི་བྱམས་པ་ཆོས་གྲགས་ལ་ཨང་བཞི་པ་ཐོབ་པ། སེ་ར་དགོན་གྱི་བློ་བཟང་བཀྲ་ཤིས་ལ་ཨང་ལྔ་པ་ཐོབ་ཡོད། ཨང་དྲུག་པ་ནས་བཅུ་གཉིས་བར་ནི། དཔའ་ཤོད་དགོན་གྱི་བློ་བཟང་ཚེ་སྒྲུབ་དང་། བྱམས་པ་གླིང་དགོན་གྱི་བྱམས་པ་ཐབས་མཁས། སྐྱིད་མཁར་དགོན་གྱི་བློ་བཟང་ཉི་མ། བཀྲས་ལྷུན་དགོན་གྱི་བློ་བཟང་རྒྱལ་མཚན། དགའ་ལྡན་དགོན་གྱི་ཆོས་གྲགས་ཡེ་ཤེས། རྭ་སྟོད་དགོན་གྱི་བློ་བཟང་དཔལ་ལྡན། དོན་འགྲུབ་གླིང་དགོན་གྱི་བྱམས་པ་འཕྲིན་ལས་བཅས་རེད།

    ད་བར་དགེ་འདུན་པ་189ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།