དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་ཡུལ་སྲོལ།
  • གནམ་གང་གི་ཞིམ་ཟས། ཕ་ཡུལ་གྱི་རོ་བཅུད།

    —— ས་མཐོའི་དམག་དཔུང་གི་ཐབ་ཚང་ནང་གི་ལོ་གསར་གྱི་རྣམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-12

    ཟླ་2ཚེས་9ཉིན་གྱི་ཐོ་རེངས་ཆུ་ཚོད་ལྔ་པར་གང་སར་ཁུ་སིམ་མེར་གནས་ཀྱང་། བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་ཡིང་ཤོག་ཅིག་གི་ཐབ་ཚང་ནང་གློག་འོད་འོག་ལས་ཀ་བྱེད་འགོ་ཚུགས་ཡོད་པ་རེད།

    “འདི་ལོ་མ་བྱན་པན་ཤོག་གིས་རྒྱལ་ཡོངས་ས་ཁུལ་ཁག་གི་ཁྱད་ལྡན་ཚལ་རིགས་གྲགས་ཅན་སྣ་ཁ་རེ་བཟོས་ནས་འཐབ་གྲོགས་ཚོར་སོ་སོའི་ཕ་ཡུལ་གྱི་བྲོ་བ་མྱོང་དུ་འཇུག་རྩིས་ཡོད”ཅེས་བཤད་རྗེས་མ་བྱན་པན་ཤོག་གི་པན་ཀྲང་ཁྲེན་ཨེན་པིང་གིས་འཐབ་གྲོགས་ཚོའི་སྣེ་ཁྲིད་དེ་ཉིན་གཅིག་གི་ལས་ལ་བྲེལ་འགོ་ཚུགས་པ་རེད།

    དགོང་མོ། མ་བྱན་པན་ཤོག་ནང་ཞུགས་མ་ཐག་པའི་འཐབ་འཛིང་པ་ཞའོ་ཁྲེན་ཁ་གཡེང་ནས་བསྡད་པ་ཁྲེན་ཨེན་པིང་གིས་ཧ་གོ་ནས་ཞའོ་ཁྲེན་ཚོམས་ཆེན་དུ་གནམ་གང་གི་བྱེད་སྒོར་ཞུགས་སུ་བཅུག་རྗེས་རང་འགུལ་ངང་ཁོང་གི་ལས་འཕྲོ་བསྒྲུབས་པ་རེད།

    “ལོ་ག་དུས་ཡིན་པ་གསལ་པོར་དྲན་གྱི་མི་འདུག ཚང་མ་ལྷན་དུ་འཛོམས་ནས་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ལ་བལྟས་པ་ཡིན། ལོ་དེར། བརྙན་འཕྲིན་གནམ་སྐུད་སྐྱོར་མཁན་ང་རང་ལ་འཁེལ་འདུག་པས། ཕྱི་ལོགས་ནས་ཚང་མའི་དགོད་སྒྲ་ལྷང་ལྷང་གྲགས་པ་ཐོས་ན་དགའ་སྐྱོ་འདྲེས་མའི་སྣང་བ་ཤར་བྱུང་། དེང་སང་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། ཞའོ་ཁྲེན་ལ་མཚོན་ན་དམག་དཔུང་ནང་ལོ་གསར་གཏོང་ཐེངས་དང་པོ་ཡིན་པས་ཁོང་བྱེད་སྒོར་ཞུགས་ནས་དགའ་དགའ་སྤྲོ་སྤྲོ་བྱེད་དུ་བཅུག་པ་ཡིན”ཞེས་ཁྲེན་ཨེན་པིང་གིས་བཤད།

    དགོང་ཟས་ཟ་སྐབས། སྒྲོག་ཙེའི་སྟེང་གི་ཁྱད་ལྡན་ཟས་ཞིམ་སྣ་ཚོགས་ལས་འཐབ་འཛིང་པ་ཚོས་ལོ་གསར་གྱི་རྣམ་པ་དང་ཕ་ཡུལ་གྱི་རོ་བཅུད་ཚོར་བ་དང་ཆབས་ཅིག ཕ་ཡུལ་ལ་བཅངས་པའི་འཕྲེང་སེམས་ཀྱང་རིམ་བཞིན་ཡལ།

    “ཁྱིམ་ཚང་གཅིག་ལྷན་འཛོམས་མ་བྱུང་ཡང་ཁྱིམ་ཚང་ཁྲི་སྟོང་མང་པོ་ལྷན་འཛོམས་ཡོང་བར་བྱེད་པ་ནི་དམག་མིའི་ལས་འགན་ཡིན་ལ་གཟི་བརྗིད་ཀྱང་ཡིན” ཕྱིན་ཆད། མ་བྱན་གྱི་འཐབ་ཕྱོགས་དང་པོར་མུ་མཐུད་འབད་འཐབ་བྱས་ཏེ་ལྟོ་ཆས་སྤུས་ལེགས་ལ་བརྟེན་ནས་དམག་དཔུང་གི་དམག་འཐབ་ནུས་པ་འགན་ལེན་གྱིས་མེས་རྒྱལ་གྱི་མངའ་ཁོངས་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན་ཞེས་ཁྲེན་ཨེན་པིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།