དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • ས་མཐོར་ཁྱིམ་གཉིས་ཡོད་པའི་ལུག་རྫི་བུ་མོ་བསྟན་འཛིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-02-02

    ལོ་22ལ་སླེབས་པའི་བསྟན་འཛིན་ནི་ལུག་རྫི་བུ་མོ་ཞིག་ཡིན་ཞིང་། ཕ་ཡུལ་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་སྔོན་ཆུ་ཤང་དམར་ཆེན་གྲོང་ཚོ་ནས་རེད། ལོ་གསར་འཆར་ཉེར་ཡོད་པའི་མཚམས་སུ། ཁོ་མོ་ཕ་ཡུལ་ནས་ལེ་དབར་བརྒྱ་ཕྲག་ཆོད་པའི་ལྷོ་ཁ་གྲོང་ཁྱེར་སྲིན་བུ་རི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་ཁྱིམ་ཚང་གསར་པར་ལོག

    སྲིན་བུ་རི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་ནག་ཆུའི་མཚོ་གཉིས་དང་། ཉི་མ། ཨ་མདོ་སོགས་རྫོང་གི་གནས་སྤོས་ཤང་དང་གྲོང་རྡལ་16གི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོས་ཡུལ་མི་ཁྲི་3ལྷག་ཙམ་མཉམ་དུ་འཚོ་སྡོད་བྱེད་ཀྱི་ཡོད། བསྟན་འཛིན་གྱི་ནང་མི་རྣམས་2022ལོའི་ཟླ་8པར་སྲིན་བུ་རིར་སྤོས་ཤིང་། ཕ་ཡུལ་གྱི་སྨི་ངོས་གྲུ་50ཙམ་ཡང་མ་ཟིན་པའི་ས་ཕག་ཁང་པ་དང་བསྡུར་ན། འདི་གའི་སྨི་ངོས་གྲུ་100ལྷག་ཙམ་ཟིན་པའི་ཁང་པ་གསར་པ་དེ་བས་རྒྱ་ཆེ་ལ་སྐྱིད་སྣང་དོད་པ་དང་། ས་བབ་ཀྱང་སྨི་1000ཡས་མས་ཀྱིས་དམའ་བ་ཡོད། རྣམ་ཀུན་པ་ཕས་སྲིན་བུ་རིར་སློབ་ཆུང་འགྲིམ་བཞིན་པའི་གཅུང་པོ་གཉིས་ལ་ལྟ་རྟོག་བྱས་ནས་སྡོད་པ་དང་། ཨ་མ་དང་ཁོ་མོས་ལོ་4ལ་སླེབས་ཙམ་གྱི་གཅུང་མོ་ཁྲིད་དེ་ཕ་ཡུལ་གྱི་འབྲོག་རར་ལུག་ཁྱུར་གཡོག་བྱེད་བྱེད་ཀྱི་ཡོད། ལོ་གསར་པར། བསྟན་འཛིན་གྱིས་ཁྱིམ་ཚང་གི་ལུག་ཁྱུ་རྣམས་འབྲོག་ལས་མཉམ་ལས་རྩ་འཛུགས་ཀྱི་མ་རྐང་ནང་འཇོག་འདོད་བྱེད་ཅིང་། དེ་ལྟར་བྱུང་ན་ཁོ་མོའང་སྲིན་བུ་རིའི་ཁྱིམ་ཚང་གསར་པ་དང་ཐག་ཉེ་སར་ལས་ཀ་ཞིག་འཚོལ་ཆོག་སྙམ།

    ཕ་ཡུལ་ཉི་མ་རྫོང་སྔོན་ཆུ་ཤང་དམར་ཆེན་གྲོང་ཚོར་ཡོད་པའི་འབྲོག་རར་ལུག་འཚོ་བཞིན་པའི་བསྟན་འཛིན།

    བསྟན་འཛིན(དཀྱིལ)གྱིས་སྲིན་བུ་རིའི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་རྟ་རྒྱུག་ལ་ལྟ་བཞིན་པ།

    སྲིན་བུ་རི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་ཁང་པ་གསར་པའི་སྒོ་འགྲམ་དུ་ཡོད་པའི་བསྟན་འཛིན།

    ཕ་ཡུལ་ཉི་མ་རྫོང་སྔོན་ཆུ་ཤང་དམར་ཆེན་གྲོང་ཚོར་ལུག་ཁྱུ་ལྷས་རར་འཇུག་བཞིན་པའི་བསྟན་འཛིན།

     སྲིན་བུ་རི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་ཁང་པ་གསར་པར་ནང་ལས་བྱེད་བཞིན་པའི་བསྟན་འཛིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།