དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • གཞིས་རྩེས་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་སྒོ་བན་དང་རྒྱུན་འཛིན་པའི་ལག་ཁྱེར་སྤྲོད་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་བཀྲས་ལྷུན་དགོན་དུ་གཞིས་རྩེ་གྲོང་ཁྱེར(བཀྲས་ལྷུན་དགོན)གྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་བཞི་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་རྣམ་གྲངས་ཀྱི་སྒོ་བན་དང་རྒྱུན་འཛིན་པའི་ལག་ཁྱེར་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།

    མཛད་སྒོར་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཁྱབ་བསྒྲགས་ཡིག་ཆ་སྒྲོག་སྦྱངས་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་བཞི་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མིང་གཞུང་ནང་ཚུད་པའི་དགེ་འདུན་པ་ཚོར་རྣམ་གྲངས་ཀྱི་སྒོ་བན་དང་དེ་བཞིན་རྒྱུན་འཛིན་པའི་ལག་ཁྱེར་སྤྲད་པ་རེད། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་འཐུས་མི་ཚོས་གཏམ་བཤད་སྤེལ་ནས། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གྱིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་འགན་འཁྲི་རང་རྟོགས་ངང་ཁུར་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ཤུགས་ཡོད་རྒུས་སྐུལ་འདེད་མུ་མཐུད་གཏོང་གི་ཡིན་ཞེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་ཟླ་3པ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས། བཀྲས་ལྷུན་དགོན་དུ་དུས་ཡུན་ལོ་གཅིག་རིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་དོན་ཡོངས་བཤེར་ལས་དོན་མཉམ་དུ་སྤེལ་བ་རེད། གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་བཞི་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་202དང་རྣམ་གྲངས་ཀྱི་རྒྱུན་འཛིན་པ་223ཁྱབ་བསྒྲགས་བྱས་པའི་ནང་བཀྲས་ལྷུན་དགོན་ཁོ་ནར་རྣམ་གྲངས་126དང་རྒྱུན་འཛིན་པ་142ཡོད་པ་རེད། གཞན་ཡང་། བཀྲས་ལྷུན་དགོན་འདི་ཉིད་གཞིས་རྩེ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཁྱབ་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།