དམངས་གཞས་ཐན་ཐུན།
སྦྱག་མ་བལ་ཁྱེམ་གྲུ་བཞི། །
ནག་པོའི་ས་ལ་ཟུག་སོང་། །
ལས་རོགས་འཚབ་འཚུབ་མ་གནང་། །
ཆ་ཆ་ཆ་ལ་ཕེབས་ཤོག །
ལྕང་མ་ཆུ་ལ་སྐྱེས་པར། །
ཡ་མཚན་བྱེད་དོན་མི་འདུག །
དེ་ལས་སྐམ་པོའི་བྲག་ལ། །
ལྷ་ཤིང་ཤུག་པ་སྐྱེས་འདུག །
སེམས་པས་ལུས་པོ་མ་བསྐུལ། །
ལུས་པོ་ས་རྡོ་ཡིན་པ། །
སེམས་པས་ལུས་པོ་བསྐུལ་ན། །
བྱ་ཕོའི་སྒྲོ་ལས་ཡང་བ། །
ཞིང་དང་མུ་ཁའི་བར་ལ། །
རྟ་ཕོར་རྟོད་ཐག་བརྒྱབ་ཡོད། །
ལས་འཕྲོ་ཡོད་པ་མིན་ནམ། །
རྟ་ཕོས་ལྗང་པ་ཟ་གིས།