དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འབྲུག་སྐད་ཐོན་ཚུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    འབྲུག་སྐད་ཅེས་པར་བཤད་སྲོལ་མི་འདྲ་བ་ཡོད་པ་སྟེ། འགའ་རེས་འབྲུག་ཅེས་པ་སེམས་ཅན་དངོས་ཡོད་པར་ངོས་འཛིན་བྱེད་པ་དང་། འགའ་རེས་ས་གློག་གནམ་གློག་འཐབ་པ་ལས་བྱུང་བ་སོགས་བཤད་སྲོལ་མི་འདྲ་བ་སྣ་ཚོགས་ཡོད་པ་ལས། རང་རེའི་མེས་པོའི་སྐབས་ཀྱི་བཤད་སྲོལ་ཞིག་ལ། འབྲུག་སྐད་ནི་སྤྲིན་དང་ཆར་རླུང་དྲག་ཏུ་འཐབ་པས་གློག་དང་སྐད་བྱུང་བ་ལས་འབྲུག་ཅེས་པའི་སྲོག་ཆགས་ཤིག་མེད་ཅེས་བརྗོད་པ་ཡིན་ཏེ། རྒྱལ་པོ་བཀའ་ཐང་ལས། མཚོ་ཡི་རླངས་པ་མཁའ་ལ་སྤྲིན་དུ་ཆགས། །འབྱུང་བ་ཚ་གྲང་འཕྲད་པས་གློག་ཏུ་འཁྱུག །དེ་ཉིད་འཐབ་པས་མཁའ་ལ་འབྲུག་སྒྲ་གྲགས། །དྲག་ཅིང་ངར་ན་བར་ནས་ཐོག་ཏུ་བབས། །དཔེར་ན་མེ་ལྕགས་རྡོ་ལ་བརྡབས་པ་བཞིན། །འབར་ནས་མེ་དང་རིན་ཆེན་འོད་ཟེར་འཕྲོ། །ཞེས་གསལ་པོར་གསུངས་པས། འབྲུག་སྐད་ནི་སེམས་ཅན་འབྲུག་ཅེས་པ་དེའི་སྐད་མིན་པ་རྒྱུ་མཚན་གསལ་པོར་བརྗོད་ཅིང་། དེ་ནི་མིག་སྔའི་ཚན་རིག་གི་བརྗོད་ཚུལ་དང་ཡོངས་སུ་མཐུན་པ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།