དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་ཕའི“འབྲུག་སྐད་”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    སྔོན་ཆད་ང་རང་ཨ་ཕ་ལ་ཧ་ཅང་སྐྲག ཁྱད་པར་དུ་ཁོང་གིས་ང་ལ་བཀའ་བཀྱོན་གནང་སྐབས་ཀྱི“འབྲུག་སྐད”ལ་དེ་བས་ཀྱང་སྐྲག ཉིན་རེའི་ཞོགས་པར། ང་རང་རྨི་ལམ་གྱི་ཞིང་ཁམས་མྱུལ་བའི་སྐབས་སུ། ཨ་ཕའི“འབྲུག་སྐད”ཀྱིས་ང་རང་གློ་བུར་དུ་གཉིད་ལས་སློང་བ་དང་། མཚན་མོར་བརྙན་འཕྲིན་ལ་མགོ་འཁོར་བའི་སྐབས་སུའང“ཉོལ། སང་ཉིན་སྔ་པོ་ནས་སློབ་གྲྭར་འགྲོ་དགོས”ཞེས་བཤད་ངེས་ཡིན།

    ད་ནི་ཅི་ཞིག་བྱས་ན་དགའ། ཉིན་མ་སུམ་བརྒྱ་དྲུག་ཅུའི་ནང་དུ་རྒྱུན་པར་འདི་ལྟར་བྱས་ན་དངོས་གནས་ཉིན་མ་འཁྱོལ་དཀའ། ངས་དང་ཐོག་འདང་མ་ཕོག་པར་ཨ་ཕས་ང་ལ་ནན་མོ་བྱེད་རྒྱུ་མང་དྲགས་སོང་། ང་ལ་བརྙན་འཕྲིན་ལ་བལྟ་བའི་རང་དབང་ཞིག་ཀྱང་མེད་སྙམ། ཡིན་ན་ཡང་། དུས་ཀྱི་འགྱུར་བ་དང་བསྟུན་ནས་ངའི་ལྟ་ཚུལ་ཡང་རིམ་གྱིས་འགྱུར་སོང་།

    ཐེངས་ཤིག གློ་བུར་དུ་ང་ལ་ཆམ་ནད་ལྕི་པོ་ཞིག་ཕོག་སྟེ་མལ་སར་ལུས། སྐབས་དེར་ཨ་ཕ་ངའི་གམ་དུ་བསྡད་དེ《རྣོ་ལྕགས་ནི་ཇི་ལྟར་བཞུ་བ་རེད》ཅེས་པའི་དཔེ་དེབ་ཀྱི་ནང་དོན་བཤད། ངས་དེར་ཉན་རྗེས་སྤོབས་པ་བསྐྱེད་དེ་ཆམ་ནད་ལས་རྣམ་པར་རྒྱལ་ཐུབ་པ་བྱུང་བས། ངས་སེམས་གཏིང་ནས་ཨ་ཕར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཨ་ཕས་ང་ལ་རེ་བ་ནན་པོ་འཛིན་དོན་ནི་ངས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་ཕུལ་དུ་བྱུང་བའི་སློབ་མ་བཟང་པོ་ཞིག་བྱེད་དུ་འཇུག་པའི་རེ་བ་ཆེན་པོ་ཡོད་པ་གཞི་ནས་ཤེས། དུས་དེ་ནས་བཟུང་། ངས་ཨ་ཕའི“འབྲུག་སྐད”ལ་ལྟ་ཚུལ་གསར་པ་ཞིག་བཟུང་ཞིང་། “འབྲུག་སྐད”དེས་རྒྱུན་པར་ང་ལ་སྐྱོན་ཆ་ཁྱད་དུ་བསད་དེ་བཟང་ལམ་ལ་འཇུག་པའི་སྐུལ་ལྕག་གཏོང་བཞིན་ཡོད། དུས་དེ་ནས་བཟུང་ཨ་ཕའི“འབྲུག་སྐད”ལ་ང་རང་སྤྲོ་བ་སྐྱེ་འགོ་ཚུགས།

    —— 《རི་མོར་བལྟས་ཏེ་རྩོམ་ཡིག་འབྲི་ཚུལ》ཞེས་པ་ལས་དྲངས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།