དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》

    ལོ་ངོ་སྟོང་གི་གཏམ་རྒྱུད་ལས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རོལ་དབྱངས་དཀྲོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-20

    ས་སྲོས་ཀྱི་མཚམས་སུ་ལྷ་ས་སྐྱིད་ཆུའི་འགྲམ་གྱི་བུམ་པ་རིའི་འདབས་སུ་ཡོད་པའི་འུན་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་མི་ཚོགས་ཀྱིས་ཁེངས་ནས་འཁྲུག་ཆ་ཧ་ཅང་དོད་ཅིང་། ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་གི་འུན་ཤིང་ཀོང་ཇོའི་དངོས་ལྗོངས་ཟློས་གར་ཁང་དུ་རྐུབ་སྟེགས་སྟོང་པ་གཅིག་ཀྱང་ལྷག་མེད།

    ས་གནས་ས་ཐོག་ཏུ་ལྟད་མོ་བ་ཚོས“ལྟད་མོ་ཧ་ཅང་ཆེ་ལ་མི་སེམས་འགུལ་བ”ཞིག་འདུག་ཅེས་ཤོད་ཅིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔའི་བར《འུན་ཤིང་ཀོང་ཇོ》འཁྲབ་སྟོན་ཐེངས་1800ལྷག་ཙམ་བྱས་པ་དང་ཁྱོན་ལྟད་མོ་བ་མི་ཐེངས་ཁྲི་400ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད། ད་ཆ་《འུན་ཤིང་ཀོང་ཇོའི》འཁྲབ་གཞུང་ལ་ལྟ་བ་ནི་ཕོ་བྲང་པོ་ཏ་ལར་ལྟ་སྐོར་དང་། བར་སྐོར་སྐོར་བ་བཞིན་བོད་དུ་ཡུལ་སྐོར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།

    འཁྲབ་ཚན་གཅིག་ལས་གཏན་དུ་སྡོད་པའི་རྒྱུ་མཚན་ཞིག་རྙེད།

    རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་དང་ཡུལ་སྐོར་ནི་རིག་གནས་ཀྱི་གཞི་རྟེན་རེད་ཅེས་པ་ནི། ཉེ་བའི་ལོ་ཤས་རིང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད་ལ། ས་གནས་ཁག་གི་ལག་ལེན་ལའང་མཛུབ་ཁྲིད་བྱེད་བཞིན་ཡོད།

    ལོ་ལྟར་གྱི་ཟླ་4པ་ནས་ཟླ་10པའི་བར་དངོས་ལྗོངས་འཁྲབ་ཚན་ཆེ་གྲས《འུན་ཤིང་ཀོང་ཇོའི》རྒྱུན་མཐུད་འཁྲབ་སྟོན་བྱེད་ཀྱི་ཡོད། ཚེ་མཆོག་གླིང་གཤམ་གྱི་དངོས་ལྗོངས་གར་སྟེགས་སུ་མིས་བཟོས་གར་སྟེགས་དང་རང་བྱུང་རི་ཀླུང་ཟུང་དུ་འབྲེལ་ཞིང་། ངོ་མཚར་ཆེ་ལ་འཁྲུལ་སྣང་ལྡན་པའི་གངས་ལྗོངས་སུམ་རྩེན་གནས་དེར་སྐབས་རེ་གནམ་ས་གཡོ་བ་ལྟར་གྱི་ལྡིར་སྒྲ་ཆེ་ལ་དང་། སྐབས་འགར་དབེན་འཇགས་རི་བོའི་གསེབ་ཏུ་གནས་དང་མཚུངས་ལ། ཡང་སྐབས་འགར་སེམས་འགུལ་ཐེབས་ནས་མིག་ཆུ་དབང་མེད་དུ་ཤོར།

    དངོས་ལྗོངས་ཟློས་གར་ཞིག་ལས་ལྷ་སར་ཡོང་བའི་ཡུལ་སྐོར་བར་གནས་འདིར་གཏན་དུ་སྡོད་པའི་བསམ་པ་སྐྱེས། ཉིན་མང་ཙམ་སྡོད་པ་དང་ཡུལ་སྐོར་མང་ཙམ་བྱེད་པ་ལས་ཐད་ཀར་ཡུལ་སྐོར་འཛད་སྤྱོད་འཕར་བར་སྐུལ་ཁྲིད་བྱེད་ཐུབ།

    ཁྲེང་ཏུའུ་ཡི་ཡུལ་སྐོར་བ་ཀྲང་ཅིང་གིས་མ་ཡོང་གོང་བོད་དུ་དངོས་ལྗོངས་ཟློས་གར་ཆེ་གྲས་འདི་འདྲ་ཡོད་པ་ཤེས་མ་བྱུང་། གཏམ་རྒྱུད་དང་། ཡུལ་ལྗོངས། གློག་འོད་བཅས་ཚང་མ་རྩེ་གྲ་འདུག་ལ་འཁྲབ་སྟོན་ཡང་ཧ་ཅང་ཡག་པོ་བྱེད་ཀྱི་འདུག ངས་གྲོགས་ཚོགས་སུ་འཁྲབ་ཚན་ཁག་གཅིག་བསྐུར་རྗེས་གཉེན་ཉེ་དང་གྲོགས་པོ་མང་པོས་གང་དུ་ཡོད་མེད་སྐད་ཆ་དྲིས་བྱུང་། ངས་ཁོ་ཚོར་ངོ་སྤྲོད་ཞིབ་ཕྲ་བྱས་པ་ཡིན། མི་མི་ཉུང་བ་ཞིག་གིས་དངོས་ལྗོངས་འཁྲབ་སྟོན་ལ་ས་གནས་ས་ཐོག་ཏུ་ལྟ་བར་ཡོང་འདོད་འདུག་ཅེས་བཤད།

    ཡུལ་སྐོར་བ་སྔར་བས་མང་བའི་ཡིད་དབང་འཕྲོག་ནུས་པའི་དངོས་ལྗོངས་འཁྲབ་སྟོན་ཞིག་ལས་ལྷ་སའི་ཡུལ་སྐོར་དེ་བས་འཁྲུག་ཆ་དོད་དུ་ཕྱིན་ལ། ལྷག་པར་དུ་དུས་ཆེན་དང་ངལ་གསོའི་རིང་གྲོང་མི་དང་ཡུལ་སྐོར་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་ཡུལ་སྐོར་དུ་བསྐྱོད་དེ་འཁྲབ་སྟོན་ལ་ལྟ་བ་དང་། ལྗགས་སྨིན་ཟ་བ། པར་རྒྱག་པ་བཅས་གང་དགའ་གང་སྐྱིད་བྱེད་ཀྱི་ཡོད།

    གྲངས་གཞི་ལས་མངོན་པར། 2023ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་རིང་ཁྱོན་ལྗོངས་ཡོངས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་285.25ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་14.94ཟིན་ཡོད་པ་ལས། ལྷ་སས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་195.08ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་9.42བྱུང་བ་རེད།

    ཡུལ་སྐོར་ཡོང་འབབ་འཕར་ཚད་ཡུལ་སྐོར་བའི་གྲངས་འབོར་གྱི་འཕར་ཚད་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་ལས། རིག་གནས་ཀྱི་ཕན་ནུས་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལས་ཡུལ་སྐོར་བ་སྡོད་ཡུན་དེ་བས་རིང་དུ་སོང་བ་དང་། ཡུལ་སྐོར་འཛད་སྤྱོད་རིམ་བཞིན་མང་དུ་ཕྱིན་པ། ཡུལ་སྐོར་ཡོང་འབབ་རིམ་བཞིན་འཕར་བ་བཅས་གསལ་བཤད་གང་ལེགས་ཐུབ་ཀྱི་ཡོད།

    ཡུལ་སྐོར་ལམ་ཐིག་ལས་རིག་གནས་ཀྱི་སྙིང་དོན་མངོན་པ།

    རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་ཚོས《འུན་ཤིང་ཀོང་ཇོའི》མིང་བྱང་རྩེ་གྲ་དེར་གདེང་འཇོག་མཐོ་པོ་བྱེད་ལ། ང་ཚོས་ས་གནས་ས་ཐོག་ཏུ་འཁྲབ་སྟོན་བྱེད་སྐབས་མི་མང་པོས་དྲན་རྟེན་པར་རྒྱག་གི་འདུག་ཅེས་ཡུས་ཧྲེང་ཧོ་མེ་ཚོགས་པའི་ལས་དོན་པས་བཤད། ཟླ་9པའི་ཟླ་མཇུག་ཏུ་འཚོགས་པའི་རྒྱལ་ཡོངས་ཀྱི་འཁྲབ་སྟོན་དངོས་མང་སྟོན་ཚོགས་ལ《འུན་ཤིང་ཀོང་ཇོ》རྒྱལ་ཡོངས་ཀྱི་ཡུལ་སྐོར་འཁྲབ་སྟོན་སྤུས་རྟགས་ཀྱི་མིང་གཞུང་དུ་བཅུག་པ་རེད།

    《འུན་ཤིང་ཀོང་ཇོའི》འཁྲབ་གཞུང་འཕེལ་རྒྱས་ཀྱི་ལོ་རྒྱུས་དངོས་སུ་བརྒྱུད་མྱོང་མཁན་ཞིག་གི་ངོས་ནས། འཁྲབ་ཁྲིད་པ་དཔལ་སྐྱིད་ཀྱིས་སེམས་ནུས་ཡོད་རྒུ་བཏོན་ཅིང་། ཁོང་གིས་ལོ་11རིང《འུན་ཤིང་ཀོང་ཇོའི》འཁྲབ་གཞུང་ལས་དོན་པས་དུས་ཚོད་མང་པོ་སྤྱད་དེ་དམངས་ཁྲོད་དུ་དམངས་གཞས་འཚོལ་བསྡུ་བྱེད་པར་བསྐྱོད་ནས་དམངས་ཁྲོད་ཀྱི་དཔྱད་གཞི་ཁུངས་བཙན་དང་གདོད་མའི་རྣམ་པ་ཞིག་འཚོལ་བསྡུ་བྱས་ཡོད། དེར་བརྟེན། དེ་རིང་གི《འུན་ཤིང་ཀོང་ཇོའི》འཁྲབ་གཞུང་ལས་མངོན་པ་ནི་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་དམངས་ཁྲོད་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་ཡིན་པས། སྤུས་རྟགས་ཀྱི་གཟུགས་བརྙན་སྔར་བས་ཇེ་བརྟན་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་ལྟད་མོ་བའི་རྒྱུས་མངའ་ཇེ་ཆེར་ཕྱིན་ནས། རང་ཉིད་ངོ་མས་ལྟ་སྐོར་དང་མྱོང་རོལ་བྱེད་འདོད་པའི་ཡུལ་སྐོར་བའང་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་བཤད།

    ང་ཚོའི་ཚོགས་པས་ལྷ་སར་འབྱོར་མ་ཐག《འུན་ཤིང་ཀོང་ཇོ》ལ་ལྟ་བའི་སེམས་ཐད་བཅད་པ་ཡིན་ཞེས་བོད་ལྗོངས་ན་ལེན་ཡུལ་སྐོར་ལས་དོན་ཁང་གི་འགན་འཁུར་བས་བཤད་པ་དང་། ཚོགས་པ་དེར་ཁྱོན་མི་15ཡོད་པ་དང་ལྷ་སར་མ་འབྱོར་གོང་ནས་ཡུལ་སྐོར་ལས་དོན་ཁང་ལ《འུན་ཤིང་ཀོང་ཇོའི》འཁྲབ་སྟོན་གྱི་སྤ་སེ་མངགས་སུ་བཅུག་ཅིང་། འབྱོར་བའི་དགོང་མོ་དེར་ལྟ་བར་ཕྱིན་པ་ཡིན་ཞེས་བཤད།

    ཡུལ་སྐོར་བ་ཐང་ཝུའེ་ཡིས། ཚོགས་པའི་ནང་གི་ཡུལ་སྐོར་བ་ཞིག་གིས《འུན་ཤིང་ཀོང་ཇོའི》འཁྲབ་གཞུང་གི་ནང་དོན་དང་དངོས་ལྗོངས་འཁྲབ་སྟོན་བྱ་ཡུལ་ལ་དང་དོད་ཆེན་པོ་འདུག ཡུལ་སྐོར་ལམ་ཐིག་གླེང་སྐབས་ཡུལ་སྐོར་བ་མང་ཆེ་བས་ཀྱང་ལྟ་འདོད་ཆེན་པོ་ཡོད་པས། སྤ་སེ་ཉོས་ནས་དངོས་ལྗོངས་ཟློས་གར་ཆེ་གྲས་དེར་ལྟ་བར་འགྲོ་བའི་ཐག་བཅད་པ་ཡིན་ཞེས་བཤད། ཁོང་གིས་དངོས་ལྗོངས་ཟློས་གར་འདིས་ལྷ་སའི་ཡུལ་སྐོར་ལ་རིག་གནས་ཀྱི་སྙིང་དོན་བསྣན་པ་མ་ཟད། ཡུལ་སྐོར་བར་གདམ་ག་དེ་བས་མང་བ་བྱུང་བ་དང་། ཡུལ་སྐོར་ལས་དོན་ཁང་གིས་ལམ་ཐིག་འོས་སྦྱོར་བྱེད་སྐབས་ཀྱང《འུན་ཤིང་ཀོང་ཇོའི》དངོས་ལྗོངས་འཁྲབ་སྟོན་འདེམས་མཁན་མང་པོ་འདུག་ཅེས་བཤད།

    བོད་ལྗོངས་མཐོང་རྒྱ་ཡུལ་སྐོར་ལས་དོན་ཁང་གི་ཕན་ཧྭ་ཕུང་གིས། ན་ནིང་རྒྱལ་ནང་གི་ཚོགས་སྒྲིག་ཡུལ་སྐོར་ལས་དོན་ཁང་མི་ཉུང་བར་འབྲེལ་གཏུག་བྱས་པ་ཡིན། 《འུན་ཤིང་ཀོང་ཇོ》རྒྱུན་མཐུད་འཁྲབ་སྟོན་གྱི་གནས་ཚུལ་ཐོས་སྐབས་ཚོགས་སྒྲིག་ཡུལ་སྐོར་ལས་དོན་ཁང་ངམ་ཡང་ན་ཡུལ་སྐོར་བ་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེ་ལྟར་ན་འཁྲབ་སྟོན་གྱི་སྤ་སེ་དེ་བས་ཉོ་བདེ་ལ། ཡུལ་སྐོར་བ་ལྷ་སར་སྡོད་རིང་འཁྲབ་སྟོན་ལ་ལྟ་བའི་དུས་ཚོད་བཀོད་སྒྲིག་ཀྱང་བྱེད་བདེ་ཞེས་བཤད།

    ཐོན་རྫས་ཡག་པོས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པ།

    “ཡུལ་སྐོར་གྱིས་གྲོང་མི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ”ཚེ་མཆོག་གླིང་གྲོང་ཚོ་ནས་བདེན་དཔང་ཡག་ཤོས་ཐུབ་ཡོད། མི་རབས་ནས་མི་རབས་བར་རི་གཤམ་དུ་ཞོག་ཁོག་དང་ནས་བཏབ་སྟེ་འཚོ་བཞིན་པའི་གྲོང་ཚོ་སྐྱོ་པོ་དེ་ད་ཆ་གང་སར་སྐད་གྲགས་ཆོད་པའི“བདེ་སྐྱིད་ལྡན་པའི་གྲོང་ཚོ”ཞིག་ཏུ་གྱུར་ནས་མི་ཚང་མར་རིག་གནས་ཡུལ་སྐོར་གྱི་ཡོང་འབབ་བྱུང་ཡོད།

    2013ལོའི་ཟླ་8ཚེས་1ཉིན་ནས་འཁྲབ་སྟོན་བྱེད་འགོ་ཚུགས་པའི《འུན་ཤིང་ཀོང་ཇོ》ནི་སྒྱུ་རྩལ་གྱི་བརྩམས་ཆོས་རྩེ་གྲ་ཞིག་རེད་ལ། གནད་སྨིན་དབུལ་སྐྱོར་གྱི་རྣམ་གྲངས་ཤིག་ཀྱང་རེད། ལོ་11རིང་། ཟློས་གར་འཁྲབ་གཞུང་དེས་མི་ཐེངས་ཁྲི་གཅིག་ཙམ་ཐད་ཀར་རམ་བརྒྱུད་ནས་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཤིང་། ས་གནས་དེ་གའི་མང་ཚོགས་ལ་ཁྱོན་གླ་ཆ་སྒོར་དུང་ཕྱུར་4.5ཙམ་སྤྲད་པ་རེད།

    ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཡི་རྣམ་གྲངས་འདི་གྲ་སྒྲིག་བྱེད་རིང་། སྐྱེལ་འདྲེན་དང་། ལས་གྲྭ་འཛུགས་སྐྲུན། ངལ་ནུས་མཉམ་ལས་སོགས་ཀྱི་བྱེད་ཐབས་བརྒྱུད། མཐའ་འཁོར་གྱི་གྲོང་མིར་ཡོང་འབབ་སྒོར་ཁྲི་5000ཙམ་བཏོད་ཡོད། རྣམ་གྲངས་དངོས་སུ་གཉེར་སྐྱོང་བྱས་རྗེས་འཁྲབ་སྟོན་བྱེད་པ་ཕུད། ད་དུང་གྲོང་མིར་བདེ་སྲུང་དང་། གཙང་སྦྲ་བ། ཞབས་ཞུ་སྣེ་ལེན། སྲིད་འཛིན་རྒྱབ་ཕྱོགས་མཁོ་སྒྲུབ་སོགས་ཀྱི་ལས་ཞུགས་ལས་གནས་100ལྷག་ཙམ་མཁོ་འདོན་བྱས་ཡོད། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པའི་དུས་མཚུངས་སུ་འདུ་ཤེས་རྙིང་པར་རིམ་བཞིན་འགྱུར་ལྡོག་བྱུང་ནས། རིག་གནས་རྒྱུན་འཛིན་དང་རྩལ་ནུས་སློབ་སྦྱོང་། རང་རྟེན་ལས་གཏོད་ལ་སོགས་བརྒྱུད་ནས་རང་ངོས་ཀྱི་རིན་ཐང་སྔོག་འདོན་བྱས་ཡོད་ཅེས་ཡུས་ཧྲེང་ཧོ་མེ་ཚོགས་པའི་ཏུང་ཧྲི་ཀྲང་ཆིའུ་ཝེས་ངོ་སྤྲོད་བྱས།

    བགྲེས་སོང་ཚེ་བརྟན་ཟླ་བའི་ཕ་ཚ་བུ་རྒྱུད་ཚེ་མཆོག་གླིང་གྲོང་ཚོར་འཚོ་བ་སྐྱེལ་གྱི་ཡོད་པ་དང་། འཁྲབ་ཚན་ཚོགས་ཆུང་དེ་གར་བཅའ་སྡོད་བྱས་པ་ནས་བཟུང་། བགྲེས་སོང་གི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁོང་གིས་སྔོན་ཆད་ཕྱུགས་འཚོ་བ་དང་ཞིང་ཁ་བཏབ་ནས་འཚོ་བ་སྐྱེལ་གྱི་ཡོད། འོན་ཏེ་ད་ཆ《འུན་ཤིང་ཀོང་ཇོའི》ཟློས་གར་ཁང་དུ་གླ་པ་རྒྱུག་གི་ཡོད། ཟླ་རེར་འཁྲབ་ཚན་ཚོགས་ཆུང་ནས་འཁྲབ་སྟོན་བྱས་པར་གླ་ཆ་སྒོར་3000ལྷག་ཙམ་སྤྲོད་ཀྱི་འདུག་ཅེས་བཤད།

    པར་འདི་དག་ནི་དངོས་ལྗོངས་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་ཡུལ་ཡིན་པ།

    པར་རྒྱག་མཁན། འདི་ག་ཚགས་པར་གྱི་གསར་འགོད་པ། ཚེ་རིང་ཕུན་ཚོགས། ཐང་པིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།