དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལམ་དང་ཕུགས་བསམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།   ང་རོའི་འཚེར་སྒྲ།   |     སྤེལ་དུས།  2024-01-07

    ལམ་དེར་ཕུགས་བསམ་གྱི་ལམ་བུ་ཞེས་ཟེར་ཡང་ཆོག་ལ། ལམ་དེར་ཕ་ཁྱིམ་དུ་ལོག་པའི་ལམ་བུ་ཞེས་སྨྲས་ཀྱང་ཆོག གང་ལྟར་ཡང་། ལམ་དེ་ནི་མི་ཚེར་འོད་སྣང་སྦྱིན་པའི་ལམ་བུ་དེ་ཡིན་ངེས།

    ལམ་འདི་ནས་ཆས་དུས། ཁོ་བོས་འདས་པའི་དུས་ཀྱི་སྣང་བརྙན་རགས་ཙམ་མཐོང་ཐུབ་ལ། འབྱུང་འགྱུར་གྱི་འཚོ་བའི་ཁ་ཕྱོགས་ཀྱང་མག་མོག་ཙམ་ཤེས་ཐུབ། ལམ་གྱིས་མི་ལ་གནང་བ་ནི་དགའ་སྐྱོ་ཆགས་སྡང་ཡིན་རུང་ལམ་དུ་སྦྲུམ་པ་ནི་མི་ཕོ་རང་ཉིད་ཀྱི་ཕུགས་བསམ་མོ། ལམ་གྱི་ལེའུ་རེ་རེར་ཟགས་པ་ནི་མིག་ཆུ་དང་ཆོ་ངེ་ཡིན་ཡང་། ལམ་གྱིས་བསྩལ་བ་ནི་བདེ་སྐྱིད་དང་དགོད་སྒྲ་འབའ་ཞིག་གོ

    བདག་གི་ལམ་དེ་གནམ་གྱི་མཚམས་དང་སྤྲིན་པའི་གསེབ་ན་ཡོད་ཆོག་ལ། བདག་གི་ལམ་དེ་ནི་མཚོ་དང་གངས་རིའི་མཚམས་སུའང་ཡོད་སྲིད། ལམ་ནས་རྙེད་པའི་ནོར་བུ་རེ་རེར་ང་ཡི་ཕུགས་བསམ་དང་རེ་སྨོན་སྦྲུམ་ཡོད།

    སྨྲ་སྒོ་ནས་བཤད་འདོད་པ་ནི་རྐང་ལམ་ཕྲ་མོ་ཡིན་ཡང་ཆོག་ལ། གཞུང་ལམ་དང་མཁའ་ལམ་གང་ཡིན་ཡང་ཆོག གང་ལྟར་ལམ་གྱི་མཚམས་ཚིགས་ཀུན་ཏུ་བསླུ་བ་མེད་པའི་བདེན་དོན་གྱིས་ཁེངས་ན། དེ་ནི་ཁོ་བོར་དབང་བའི་ལམ་ཞིག་ཡིན་པར་འདོད་ལ། ཕུགས་བསམ་གྱི་གཤོག་ཟུང་རྒྱས་སུ་ཆོག་པའི་ལམ་ཞིག་ཡིན་པར་ངེས་སོ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།