མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ།
འདི་ནི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོའི་ལྷོ་པའི་ཞིང་འབྲོག་པའི་རས་འཐག་མཉམ་ལས་ཁང་གི་ལས་མིས་རས་ཆ་འཐག་བཞིན་པ།
འདི་ནི་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གི་ལྷ་འབྲི་བས་ཐང་ག་བཞེངས་བཞིན་པ།
མངོན་མིན་རིག་གནས་ཤུལ་བཞག་ནི་མི་རིགས་ཁག་གི་མི་དམངས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་དང་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲོལ་རྒྱུན་རིག་གནས་སྣ་ཚོགས་ཀྱི་མཚོན་སྟངས་དང་རྣམ་པ་ཞིག་ཡིན། དེ་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་དཔང་པོ་ཞིག་རེད་ལ། རྩ་ཆེ་ལ་རིན་ཐང་ཆེ་བའི་རིག་གནས་ཀྱི་ཐོན་ཁུངས་ཤིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་མི་རིགས་ས་ཁུལ་གྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལ་ཕན་པའི་མཛད་ཕྱོགས་སྲིད་ཇུས་ལ་ཐོག་མཐའ་བར་གསུམ་དུ་སྐུལ་འདེད་བཏང་བས། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་ན་མེད་པའི་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་ཡོད། ལྗོངས་ཡོངས་སུ་ད་ཆ་རིམ་པ་ཁག་དང་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་2000ལྷག་ཙམ་ཡོད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་173ཡོད་པ་དེ་དག་ལས་མངོན་མིན་རིག་གནས་ཤུལ་བཞག་མི་སྒེར་གྱིས་རྒྱུན་འཛིན་བྱེད་པ་ནས་ཚོགས་པས་རྒྱུན་འཛིན་བྱེད་པར་མཆོང་སྐྱོད་བྱུང་ཡོད།