རྨི་ལམ་མཛེས་པོ།
མེ་ཏོག་གི་དྲི་བསུང་འཐུལ།
བུང་བའི་གླུ་སྒྲ་འཇེབས།
བདེ་ཞིང་འཇམ་པའི་རྨི་ལམ་ལ་རོལ་རྗེས།
ད་ནི་མེ་ཏོག་ཆུང་ཆུང་ཞིག་སྟེ།
སྐར་ལྔའི་དར་དམར་ལྟར།
སློབ་རའི་སྐྱེད་ཚལ་དུ་ལྷབ་ལྷུབ་ཏུ་གཡོ།
འཛུམ་པའི་གེ་སར་གཡོ།
དགའ་བའི་བྲོ་གར་འཁྲབ།
བདེ་ཞིང་འཇམ་པའི་རྨི་ལམ་ལས་བཞེངས་རྗེས།
ད་ནི་ཕུགས་འདུན་བསུ་མཁན་ཞིག་སྟེ།
དཀར་གསལ་ཟླ་བ་ལྟར།
སློབ་རའི་སྐྱེད་ཚལ་དུ་ལམ་ལམ་འཚེར།
རྐང་རྗེས་མང་པོ་ཞིག
ཡིག་འབྲུ་ལྷན་དུ་རི་མོར་བཀོད།
དྲན་པ་ཁོག་མ་གང་།
སྨྱུག་ཁ་ལྷན་དུ་ཞི་བར་སིམ།
བདེ་ཞིང་འཇམ་པའི་རྨི་ལམ་རྟོགས་རྗེས།
སྦྲང་ཆར་བཞིན་ཟིམ་ཟིམ་དུ།
ས་གཞིའི་པང་དུ་ཐིམ།