དབུ་ཤོག>བོད་ཀྱི་རིག་གནས།>དེབ་གསར་འོས་སྦྱོར།
  • «ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»(2021)པར་དུ་བསྐྲུན་པ།

  • ཡོང་ཁུངས།  མཚོ་སྔོན་པོ་དྲ་བ།   |     སྤེལ་དུས།  2023-12-20

    ཉེ་ཆར། «སྦྲང་ཆར»རྩོམ་སྒྲིག་ཁང་གིས་སྤྱི་ལོ2021ལོའི་བོད་འབྲེལ་ས་ཁུལ་གྱི་དུས་དེབ་དང་ཚགས་པར་ཚད་ལྡན་ཡོད་དོ་ཅོག་ལས་སྒྲུང་འབྲིང་དང་སྒྲུང་ཐུང་། སྙན་ངག ལྷུག་རྩོམ་བཅས་ལས་ལོ་གཅིག་རིང་གི་འཐུས་ཚབ་རང་བཞིན་ལྡན་ངེས་ཀྱི་བརྩམས་ཆོས་དག་བདམས་ཏེ། པོད4ཡི་བདག་ཉིད་ཅན་དུ་གྲུབ་པའི«ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་ལོ་དེབ»(2021)ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས།

    ལོ་དེབ་འདི་འདྲ་ཞིག་བསྒྲིགས་པ་ནི། གཅིག་ན་དུས་ཐོག་ཏུ་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་ལོ་རེའི་ལེགས་རྩོམ་ཇི་སྙེད་ཅིག་གཅིག་སྡུད་སྒོས་འབུལ་བ་དང་། གཉིས་སུ་གསར་རྩོམ་ལ་འཇུག་བཞིན་པའི་རྩོམ་པ་པོ་རྣམས་ལ་དཔེ་ལྟའི་ཚུལ་དུ་མཚམས་སྦྱོར་བ། གསུམ་དུ་བོད་ཀྱི་དེང་རབས་རྩོམ་རིག་ལ་ཞིབ་འཇུག་དང་སློབ་ཁྲིད་བྱེད་མཁན་ཚོར་སྟབས་བདེ་སྐྲུན་པ། བཞི་རུ་བོད་ཀྱི་དེང་རབས་རྩོམ་རིག་གི་རིག་ཚན་འཛུགས་སྐྲུན་ཐད་རྨང་གཞིའི་རྒྱུ་ཆ་གསོག་ཉར་བགྱི་བ་བཅས་ཀྱི་ཆེད་དུ་ལགས་སོ། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།