བོད་ཀྱི་ན་གཞོན་ཚོས་སྐད་གྲགས་བཞག་འདུག
ཚེས་11ཉིན་གསར་འགོད་པས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་དུས(ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་9དང་10ཉིན)2023ལོ་དང་2024ལོའི་རྒྱལ་སྤྱིའི་གངས་ཤུད་རི་འཛེག་མཉམ་འབྲེལ་ལྷན་ཚོགས་གཞོན་ནུའི་འཛམ་གླིང་བུམ་པའི(ཧྥ་རན་སེ)འགྲན་བསྡུར་བྱས་ཤིང། ཀྲུང་གོའི་གངས་ཤུད་རི་འཛེག་རུ་ཁག་ལ་གསེར་གྱི་རྟགས་མ་3དང་། དངུལ་གྱི་རྟགས་མ་1 ཟངས་ཀྱི་རྟགས་མ་2བཅས་ཐོབ་ཡོད།
བུ་མོ་ཨ་ནེས་འགྲན་བསྡུར་བྱེད་བཞིན་པ།
བར་ཐག་ཐུང་བའི་འགྲན་བསྡུར་ནང་། ཀྲུང་གོའི་གངས་ཤུད་རི་འཛེག་རུ་ཁག་ལ་གསེར་གྱི་རྟགས་མ་2དང་ཟངས་ཀྱི་རྟགས་མ་1ཐོབ་ཅིང་། U18བུད་མེད་ཚོགས་ཆུང་གི་འགྲན་བསྡུར་ནང་། རང་ལྗོངས་ཀྱི་བདམས་ཐོན་པ་བུ་མོ་ཨ་ནེར་ཨང་དང་པོ་ཐོབ་པ་དང་། U20བུད་མེད་ཚོགས་ཆུང་གི་འགྲན་བསྡུར་ནང་། རང་ལྗོངས་ཀྱི་བདམས་ཐོན་པ་གཡུ་སྒྲོན་ལྷ་མོར་ཨང་དང་པོ་ཐོབ་ཡོད། གཞན་ཡང་། རང་ལྗོངས་ཀྱི་བདམས་ཐོན་པ་ཚེ་བརྟན་གཡུ་སྒྲོན་དང་གནམ་གང་བུ་ཁྲིད་ལ་ཁག་སོ་སོར་U18བུད་མེད་ཚོགས་ཆུང་གི་ཨང་དགུ་པ་དང་བཅུ་གཅིག་པའི་གྲུབ་འབྲས་བཟང་པོ་ཐོབ་ཡོད།
གཡུ་སྒྲོན་ལྷ་མོས(དཀྱིལ)འགྲན་བསྡུར་ཚར་རྗེས་བདམས་ཐོན་པ་གཞན་དང་མཉམ་པར་རྒྱག་བཞིན་པ།
སྒེར་གྱི་བྱེས་བགྲོད་འགྲན་བསྡུར་ནང་། ཀྲུང་གོའི་གངས་ཤུད་རི་འཛེག་རུ་ཁག་ལ་གསེར་གྱི་རྟགས་མ་1དང་། དངུལ་གྱི་རྟགས་མ་1 ཟངས་ཀྱི་རྟགས་མ་1བཅས་ཐོབ་ཅིང་། U18ཀྱི་བུད་མེད་ཚོགས་ཆུང་གི་འགྲན་བསྡུར་ནང་། ཚེ་བརྟན་གཡུ་སྒྲོན་ལ་ཨང་དང་པོ་ཐོབ་པ་དང་བུ་མོ་ཨ་ནེར་ཨང་གསུམ་པ་ཐོབ་ཡོད་པ་དང་། U20བུད་མེད་ཚོགས་ཆུང་གི་འགྲན་བསྡུར་ནང་། གཡུ་སྒྲོན་ལྷ་མོར་ཨང་གཉིས་པ་ཐོབ་ཡོད། གཞན་ཡང་། རང་ལྗོངས་ཀྱི་བདམས་ཐོན་པ་ཀུན་བཟང་རྣམ་རྒྱལ་དང་དངོས་གྲུབ་ཚེ་རིང་ལ་ཁག་སོ་སོར་སྐྱེས་པའི་U18ཚོགས་ཆུང་གི་ཨང་8བརྒྱད་པ་དང་བཅུ་གསུམ་པའི་གྲུབ་འབྲས་ཡག་པོ་ཐོབ་ཡོད།