དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • “ལྷ་སའི་རྒྱན་གོས་གཟའ་འཁོར”གྱི་བྱེད་སྒོ་ཟླ་འདིའི་ཚེས་24ནས་30ཉིན་བར་སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-13

    ཚེས་11ཉིན་གསར་འགོད་པར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“ལྷ་སའི་རྒྱན་གོས་གཟའ་འཁོར”གྱི་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱིས་2023ལོའི་ཟླ་12ཚེས་24ནས་30ཉིན་བར“ལྷ་སའི་རྒྱན་གོས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

    ཟླ་12ཚེས་24ཉིན་གྱི་ཕྱི་དྲོར་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ“ལྷ་སའི་རྒྱན་གོས་གཟའ་འཁོར”གྱི་ཐེངས་འདིའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོག་རྒྱུ་དང་། ཚེས་25ནས་29ཉིན་བར་ལྷ་སའི་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ“ལྷ་སའི་རྒྱན་གོས་གཟའ་འཁོར”གྱི་ཡན་ལག་འགྲེམས་སྟོན་བྱ་རྒྱུ། ཚེས་26ཉིན་བོད་ལྗོངས་རྟེན་མཛོད་ཁང་དུ“བོད་རིགས་རྒྱན་གོས་ཀྱི་གཞུང་འཁྱོངས་གསར་འབྱེད་དང་ཚད་ལྡན་འཕེལ་རྒྱས་གཏོང་བའི”ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོག་རྒྱུ། ཚེས་30ཉིན་གྱི་ཕྱི་དྲོ“ལྷ་སའི་རྒྱན་གོས་གཟའ་འཁོར”གྱི་མཇུག་འགྲིལ་མཛད་སྒོ་འཚོག་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།