དབུ་ཤོག>བོད་ཀྱི་རིག་གནས།>རིག་གནས་པར་མཛོད།
  • ལག་བདེ་པོས་གནའ་གཞུང་ཉམས་གསོ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-06

    འདི་ནི་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གནའ་གཞུང་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་པས་གནའ་གཞུང་ཉམས་གསོ་བྱེད་པའི་རྣམ་པ་ཡིན་པ།

    རང་ལྗོངས་སུ་བོད་ཡིག་གི་གནའ་གཞུང་གིས་གཙོས་པའི་ཡིག་རིགས་མང་པོའི་གནའ་གཞུང་འབོར་ཆེན་ཉར་ཚགས་བྱས་ཡོད། གནའ་གཞུང་འདི་དག་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རྒྱུན་རིང་ལྡན་པའི་རིག་གནས་ཀྱི་དཔང་པོ་རེད་ལ། ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་ཤུལ་བཞག་རྩ་ཆེན་ཡང་རེད། རྒྱལ་ཡོངས་སུ་ཉར་ཚགས་བྱས་པའི་བོད་ཡིག་གི་གནའ་གཞུང་གླེགས་བམ་ཁྲི་བརྒྱ་ཡན་ཡོད་པ་ལས་སུམ་ཆ་གཉིས་ཙམ་བོད་རང་སྐྱོང་ལྗོངས་སུ་ཉར་ཚགས་བྱས་ཡོད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གནའ་གཞུང་སྲུང་སྐྱོང་གི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ཡོངས་བཤེར་བྱས་ཏེ། འཆར་གཞི་ལྡན་ཞིང་ཚན་རིག་དང་མཐུན་པར་གནའ་གཞུང་སྲུང་སྐྱོང་གི་ལས་དོན་ལ་སྐུལ་འདེད་གཏོང་གི་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།