གློག་བརྙན《ཧི་མ་ལ་ཡའི་བླ་སྲོག》གི་པར་ཕུད་ལྷ་སར་བསྟན་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་རིག་རྩལ་གསར་རྩོམ་གྱི་རོགས་སྐྱོར་རྣམ་གྲངས་དང་། རང་རྒྱལ་གྱི་བོད་ཀྱི་གསོ་བ་རིག་པའི་སྐོར་གླེང་བ་དང་ལོ་ངོ་སྟོང་ཡར་སྔོན་གྱི་ལྷོ་པ་རིགས་ཀྱི་གདོད་མའི་ཚོ་པའི་རིག་གནས་མངོན་པའི་གློག་བརྙན་ཐོག་མ《ཧི་མ་ལ་ཡའི་བླ་སྲོག》གི་པར་ཕུད་ལྷ་ས་གློག་བརྙན་ཁང་དུ་བསྟན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན《ཧི་མ་ལ་ཡའི་བླ་སྲོག》ནི་ཙེང་ཡུན་ཧུའེ་ཡི་འཁྲབ་ཁྲིད་བྱས་པའི་གནའ་བོའི་མིའི་རིགས་ཀྱིས་འུ་ཐུག་ཐབས་ཟད་ཀྱི་སྐབས་སུ་སྐྱེ་སྟོབས་དང་རེ་བ་ཇི་ལྟར་འཚོལ་བའི་སྐོར་གྱི་གློག་བརྙན་ཞིག་རེད། གློག་བརྙན་དེའི་ཡུལ་ལྗོངས་ཉིང་ཁྲིའི་བྱེ་གླིང་དང་། ཐང་རྒོད། འཁྱགས་རོམ། གངས་རི་སོགས་ཡིན་པ་རེད།