དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-24

    “འཛམ་གླིང་གི་ཡང་རྩེ”དང་ “སའི་གོ་ལའི་གླེང་སྣེ་གསུམ་པ”“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”“དངོས་རིགས་ཀྱི་བང་མཛོད”བཅས་ཀྱི་མཚན་སྙན་ལྡན་པའི་བོད་ཀྱི་སྐྱེ་ཁམས་ལ་སྔ་མོ་ནས་གཞན་གྱི་བསྔགས་བརྗོད་ཐོབ་ཀྱིན་ཡོད།    ཁོང་གི་མཚན་སྙན་ནམ་ཡང་འཛམ་གླིང་ན་འཕྲོ་བཞིན་ཡོད་ལ།    ཁོང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་དུས་རབས་གསར་པའི་བོད་ལྗོངས་འཛུགས་སྐྲུན་ཁྲོད་མེད་དུ་མི་རུང་བའི་ལྷུ་ཚིགས་ཤིག་དང་། བོད་ཀྱི་ཚད་མཐོའི་འཕེལ་རྒྱས་ཁྲོད་རྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད།    

    “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཞེས་པ་ལས།སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་བར་གྱི་འབྲེལ་བ་མཚོན་བཞིན་ཡོད།     རི་སྔོན་ཆུ་དྭངས་གིས་སྲུང་སྐྱོང་ཤུགས་ཆེན་བྱས་པ་མཚོན་པ་དང་།    གསེར་རི་དངུལ་རིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲས་བུའི་ཚབ་བྱེད་ཐུབ།     སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཞེས་པ་ནི་ཁ་ནས་ཇི་ལྟར་བཤད་པ་ཙམ་མ་ཡིན་པར་ལག་ལེན་དོན་དུ་འཁྱོལ་བ་བྱེད་དགོས་རྒྱུ་དེ་ཡིན།   ཏང་གི་ཚོགས་ཆེན་སྐབས་ཉི་ཤུ་པ་འཚོགས་སྐབས།    ཕྱོགས་གང་ཅིའི་ཐད་ནས་དུས་རབས་གསར་པ་འཛུགས་སྐྲུན་བྱ་རྒྱུའི་དམིགས་འབེན་བཏོན་ཞིང་།    དེའི་ནང་སྐྱེ་ཁམས་ཤེས་དཔལ་འཛུགས་སྤེལ་བྱ་རྒྱུའི་སྐོར་ཐེངས་མང་གླེང་མྱོང་བས།    དེ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མེད་དུ་མི་རུང་བའི་ཆ་ཤས་ཤིག་རེད།     མི་རབས་ནས་མི་རབས་བར་རྒྱུད་ཡོང་བའི་སྐྱེ་ཁམས་ཤེས་དཔལ་གྱི་ལས་སྒྲུབ་པ་ཕུལ་བྱུང་དག་གིས་ལག་ལེན་གྱི་རྨང་གཞིའི་ཐོགཉམས་མྱོང་ཕྱོགས་བསྡོམས་ཟམ་མི་ཆད་པ་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་རེ་རེ་བཞིན་རིམ་པས་གྲུབ་པ་དང་།    མཐར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་གྱི་བསམ་བློ་གཏོད་ནས།    དུས་རབས་གསར་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་ཕྱོགས་གསལ་པོར་བཏོན་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བྱེད་པའི་སྲོག་ཤིང་ལྟ་བུར་གྱུར་ཡོད།   

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་རྒྱུན་མཐུད་ནས་འཆར་གཞི་སྣ་ཚོགས་ལག་བསྟར་ཧུར་ཐག་བྱེད་དགོས་པ་ཕུད།ཕྱི་ཕྱོགས་ཀྱི་ཚོད་འཛིན་ལ་ཡང་ཤུགས་སྣོན་རྒྱག་དགོས་པ་ཏེ།    གཅིག་ནས་མི་དམངས་མང་ཚོགས་ཀྱི་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།གཉིས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཁྲིམས་བསྟར་ནུས་པར་ཤུགས་སྣོན་རྒྱག་དགོས།     མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཇེ་མཐོར་གཏོང་བ་དེ་གནས་སྐབས་ཙམ་མ་ཡིན་པར།དུས་དང་རྣམ་པ་ཀུན་ཏུ་ཡོད་དགོས་པའི་བསམ་པའི་འཁྱེར་སོ་ཞིག་དང་།    འབྲེལ་ཡོད་སྡེ་ཚན་གྱིས་ཀྱང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྟེན་ནས་སྐྱེ་ཁམས་ཁོག་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།ཕྱི་རོལ་གྱི་གཅུན་སྡོམ་དང་ནང་ཁུལ་གྱི་ལག་བསྟར་ཟུང་འབྲེལ་བྱས་ཚེ་གཞི་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་།    གངས་ལྗོངས་ས་མཐོའི་ཡིད་དབང་འཕྲོག་ཤུགས་ཟམ་མི་ཆད་པར་ཤུགས་ཆེར་འགྲོ་ཐུབ་ལ།    མི་ཚང་མ་སྐྱེ་ཁམས་ཁོར་ཡུག་བཟང་པོ་ལོངས་སུ་སྤྱོད་རྒྱུ་ཡོང་བ་དང་།    མཛེས་སྡུག་ལྡན་པའི་ཀྲུང་གོའི་འོད་སྣང་གང་སར་ཁྱབ་ཐུབ་པ་བཅས་བྱ་ཐུབ།   

    (བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།མཆོག་སྐྱིད།)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།