དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་དུས་མཚམས་གཉིས་པའི་བཀོད་གཏོང་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-21

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས17ཉིན་ལྷ་སར་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་དུས་མཚམས་གཉིས་པའི་བཀོད་གཏོང་སྐུལ་སྤེལ་ཚོགས་འདུ་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་གྲོང་ཁྱེར་དང་ས་ཁུལ་ཁག་གི“འདུ་ཤེས་གསུམ”གྱི་སློབ་གསོའི་དུས་མཚམས་གཉིས་པའི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་ཉན་པ་མ་ཟད། བྱེད་ཐབས་སྤེལ་རེས་དང་། ཉམས་མྱོང་ཕྱོགས་སྡོམ། དུས་བབ་ཞིབ་འཇུག་དང་དབྱེ་ཞིབ། ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཕེབས་པ་རེད།

    ཀརྨ་ཚེ་བརྟན་གྱིས། རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་། ཆོས་ལུགས་སྡེ་ཚན། དགོན་སྡེ་དོ་དམ་ཨུ་ལྷན་བཅས་ཀྱིས་ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་བཏང་ནས“འདུ་ཤེས་གསུམ”གྱི་སློབ་གསོ་དང་དེང་སྐབས་གཏིང་ཟབ་སྤེལ་བཞིན་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། བརྗོད་དོན་གཙོ་བོའི་གཙོ་རྐང་ལ་དམ་པོར་དམིགས་པ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ལས་འགན་གཙོ་བོ་སྒྲུབ་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ནས་སློབ་གསོ་སྒྲོག་འགྲེལ་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ་དགོན་སྡེའི་གྲྭ་བཙུན་གྱི་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། ཁོང་ཚོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་བ། ཆོས་ལུགས་ལམ་ལྷོངས། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་བོད་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ཞིབ་བཤེར་དག་ཐེར་གཏིང་ཟབ་བྱས་ཏེ་ཞན་ཆ་གསབ་པ་དང་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱས་ནས། “འདུ་ཤེས་གསུམ”གྱི་སློབ་གསོ་ཟབ་གཏོང་དང་ལས་དོན་སྒྲུབ་མཁས་བྱས་ཏེ་སྐས་རིམ་གསར་པ་ཞིག་ཏུ་ཟམ་མི་ཆད་པར་སླེབས་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།