དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • བོད་ཀྱི་རྫོང་རིམ་པའི་གསར་བརྗེའི་གར་སྟེགས་ཟློས་གར་ཐོག་མ《སྤོ་བོའི་གསར་བརྗེ》ཞེས་པ་རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-11-11

    ཉེ་ཆར་བོད་ཀྱི་རྫོང་རིམ་པའི་གསར་བརྗེའི་གར་སྟེགས་ཟློས་གར་ཐོག་མ《སྤོ་བོའི་གསར་བརྗེ》ཞེས་པའི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་ཀོང་ཀྲོའུ་རུ་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《སྤོ་བོའི་གསར་བརྗེ》ནི་བོད་ཀྱི་རྫོང་ཁོངས་ཐོན་ཁུངས་ལ་བརྟེན་ནས་བཟོས་པའི་གསར་བརྗེའི་རྩེར་སོན་གར་སྟེགས་འཁྲབ་ཚན་དང་པོ་དེ་རེད་ལ། སྐོར་སྐྱོད་འཁྲབ་སྟོན་བྱས་པའི་བོད་ཀྱི་རྫོང་རིམ་པའི་གར་སྟེགས་ཟློས་གར་ཐོག་མ་དེ་ཡང་རེད། དེའི་ནང་གཙོ་བོ་ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་འགོར། བོད་ལ་བཅིངས་འགྲོལ་དང་། མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་བྱ་ཆེད། བོད་སྐྱོད་དཔུང་སྡེས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་རྐང་ཐང་མར་དཔུང་སྐྱོད་དང་གངས་འཁྱགས་ཁྲོད་དུ་བསྐྱོད་དེ་བོད་དུ་བཅའ་སྡོད་དང་རྒྱལ་སྲུང་བརྟན་སྲུང་བྱས་པ་མ་ཟད། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གཞུང་ལམ་བསྐྲུན་ནས་སྐྱེལ་འདྲེན་དང་། ཐོན་སྐྱེད་འཕེལ་རྒྱས། ཕ་ཡུལ་འཛུགས་སྐྲུན་བཅས་བྱས་པའི་གསར་བརྗེའི་ལོ་རྒྱུས་ཀྱི་གཏམ་རྒྱུད་བརྗོད་ཡོད་པ་རེད།

    བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི་ངོས་ནས་འཁྲབ་ཚན་དེའི་ནང་ད་དུང་ཞབས་བྲོ་དང་། རོལ་དབྱངས། གླུ་གཞས། གནས་ཚུལ་རྒྱས་བཤད་སོགས་སྒྱུ་རྩལ་གྱི་རྣམ་པ་མང་པོ་མཉམ་འདྲེས་བྱས་ཡོད་པ་དང་། འཁྲབ་སྟོན་པ་ཚང་མ་སྤོ་བོ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནས་ཡིན་པ་རེད། མིག་སྔའི་བར་འཁྲབ་སྟོན་ཐེངས་20ལྷག་ཙམ་བྱས་པ་དང་ལྟད་མོ་བ་མི་ཐེངས་8000ལྷག་ཙམ་ཟིན་ཡོད་པ་རེད།

    “སྤོ་བོ་ནི་གསར་བརྗེའི་གནས་མཆོག་ཅིག་རེད། དེ་གར་མི་སེམས་འགུལ་བའི་གསར་བརྗེའི་གཏམ་རྒྱུད་ཁྱབ་ཡོད” སྤོ་བོ་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་བསྟན་འཛིན་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་གར་སྤོ་སྟོད་ཁམ་བུའི་མེ་ཏོག་གྲོག་རོང་དང་། སྒང་གྲོང་ཚོའི་གསོམ་ཤིང་ནགས་ཚལ། རྨིག་སྟོད་འཁྱགས་རོམ་སོགས་རང་བྱུང་མཛེས་ལྗོངས་ཡོད་པ་མ་ཟད། ད་དུང་སྤོ་བོ་རྫོང་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོ་དང་། ཡིད་འོང་གི་དམག་དཔོན་ཐོག་ཁང་། ཁྲོན་བོད་ལམ་ཐིག་གི་དཔའ་བོ་བཅུའི་དྲན་གསོའི་རྡོ་རིང་སོགས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པའི་གྲས་སུ་བཅུག་པའི་གསར་བརྗེའི་མཛེས་ལྗོངས་ཁུལ་མང་པོ་ཡོད་པས་མཛེས་ལྗོངས་ལམ་ཆེན་318རྒྱུད་ཀྱི་གསར་བརྗེའི་མཛེས་ལྗོངས་ཁུལ་ཁག་ལས་གསར་བརྗེའི་ཡུལ་སྐོར་གྱི་རྩེར་སོན་ལམ་ཆེན་ཞིག་གྲུབ་ཡོད།

    ད་ཐེངས་ཀོང་ཀྲོའུ་ནས་རྒྱལ་ཡོངས་ཀྱི་སྐོར་སྐྱོད་འཁྲབ་སྟོན་འགོ་ཚུགས་པའི་དམིགས་ཡུལ་ནི་ཀོང་ཏུང་དང་བོད་ལྗོངས་ས་གནས་གཉིས་ཀྱི་རིག་གནས་སྒྱུ་རྩལ་སྤེལ་རེས་དང་མཉམ་འགུལ་སྔར་བས་ཟབ་ཏུ་བཏང་ནས་ས་ཁུལ་གཉིས་པོའི་རིག་གནས་སྤེལ་རེས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།