དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བཟའ་ཟླ་འདེམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    རང་ལོ་ཉི་ཤུར་སོན་མ་ཐག་པའི་བུ་མོ་མཚམས་གཅོད་སྐྱེ་འབྲས་རབ་ཏུ་མཚར་ཞིང་། གཟུགས་བྱད་ཀྱང་ཤིན་ཏུ་ལེགས་པས། གྲོང་ཚོའི་ཕོ་གཞོན་མང་པོས་ཧབ་ཐོབ་ཤིག་ཤིག་ངང་མནའ་མར་ལེན་རྒྱུའི་རེ་བ་བྱེད་ཀྱི་ཡོད་མོད། ད་ལོ་མཚམས་གཅོད་ཀྱིས་གློ་བུར་དུ་ཁམས་པ་ཅ་ལག་རྙིང་འཚོང་རྒྱག་མཁན་གྱི་ཟླ་བ་དང་གཉེན་བསྒྲིགས་པས། མོ་གཞོན་རྣམས་ཧ་ལས་ཤིང་ཕོ་གཞོན་རྣམས་སྙིང་རླུང་ལངས།

    དེའི་ཚེ། མཚམས་གཅོད་ཀྱི་ཨ་མས། རང་གྲོང་ཚོར་བུ་མོ་ཁྱོད་ལ་དགའ་པོ་བྱེད་མཁན་འབེལ་འབེལ་ལྷུག་ལྷུག་ཡོད་ཀྱང་། ཁྱོད་ཀྱིས་ཁོ་ཚོར་ཁ་ཡ་མ་བྱས་པར་ཅ་ལག་རྙིང་འཚོང་རྒྱག་མཁན་ཞིག་གི་ཆུང་མ་བྱེད་དོན་གང་ཡིན་ཞེས་དྲིས་པར། མཚམས་གཅོད་ཀྱིས། གྲོང་ཚོའི་ཕོ་གཞོན་དེ་ཚོས་ང་ལ་གནས་སྐབས་དགའ་པོ་བྱེད་པ་མ་གཏོགས། ང་རྒན་འཁོགས་ཆགས་ན་མིག་ལྟ་ཅི་ལྟག་ཁུང་ཡང་ལྟ་ཡི་མ་རེད། འོན་ཀྱང་། ཚོང་པ་ཟླ་བ་ནི་ཅ་ལག་རྙིང་འཚོང་རྒྱག་མཁན་ཞིག་ཡིན་པས། ཁོས་ཅ་ལག་རྙིང་པར་དགའ་བ་ཇི་བཞིན་ང་ལོ་ཇི་ཙམ་རྒས་ན་དེ་ཙམ་གྱིས་ཁོས་ང་ལ་དགའ་རུ་འགྲོ་ངེས་རེད་ཅེས་ལན་བཏབ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།