མི་རིགས་ང་དྲུག་འདབ་མ་མཉམ་བཞད།
མ་ཡུམ་མེས་རྒྱལ་རྟ་བདུན་དབང་པོ་འདྲ། །
མི་རིགས་ང་དྲུག་པད་མའི་འདབ་མ་འདྲ། །
ཉི་མའི་འོད་ཟེར་པད་མར་འཕྲོ་དུས་སུ། །
མེ་ཏོག་པད་མའི་འདབ་མ་མཉམ་བཞད་ཡིན། །
མ་ཡུམ་མེས་རྒྱལ་རྒྱ་མཚོའི་མར་གསར་འདྲ། །
མི་རིགས་ང་དྲུག་ཀུ་མུད་འདབ་མ་འདྲ། །
ཟླ་བའི་འོད་ཟེར་ཀུ་མུད་ཕྱོགས་ལ་འཕྲོ། །
མེ་ཏོག་ཀུ་མུད་འདབ་མ་མཉམ་བཞད་ཡིན། །
མ་ཡུམ་མེས་རྒྱལ་སྤང་གཤོངས་སྔོན་མོ་འདྲ། །
མི་རིགས་ང་དྲུག་སྤང་རྒྱན་འདབ་མ་འདྲ། །
སྤང་རྒྱན་མེ་ཏོག་སྤང་ལྗོངས་སྔོན་མོའི་རྒྱན། །
སྤང་རྒྱན་མེ་ཏོག་འདབ་མ་མཉམ་བཞད་ཡིན། །
མ་ཡུམ་མེས་རྒྱལ་གངས་ཀྱི་ལྷུན་པོ་འདྲ། །
མི་རིགས་ང་དྲུག་གངས་ལྷའི་འདབ་མ་འདྲ། །
གངས་རིའི་ལྡེབས་སུ་གངས་ལྷ་འབུས་དུས་སུ། །
མེ་ཏོག་གངས་ལྷའི་འདབ་མ་མཉམ་བཞད་ཡིན། །
མ་ཡུམ་མེས་རྒྱལ་ས་གཞི་ཆེན་པོ་འདྲ། །
མི་རིགས་ང་དྲུག་མེ་ཏོག་ང་དྲུག་འདྲ། །
མུ་མེད་ས་གཞིར་དྲོད་གཤེར་ལྡན་དུས་སུ། །
མེ་ཏོག་ང་དྲུག་འདབ་མ་མཉམ་བཞད་ཡིན། །
མ་ཡུམ་མེས་རྒྱལ་མེ་ཏོག་ཆུན་པོ་འདྲ། །
མི་རིགས་ང་དྲུག་མེ་ཏོག་འདབ་མ་འདྲ། །
འདབ་མ་སྣ་ཚོཌ་གངས་ཅན་ལྗོངས་ནས་བཞད། །
ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོས། །