སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་བྱེད་སྒོ
འདི་ནི“དུས་བཞི། ཚོན་ལྔ། ལོ་ངོ་དྲུག་བརྒྱ”ཡི་བརྗོད་དོན་གཙོ་བོའི་ཡོངས་བསྒྲགས་ཚོགས་འདུའི་སྐབས་མོ་ཐྲོལ་གྱིས་རྒྱན་གོས་ངོམས་བཞིན་པ།
ཟླ་10ཚེས་21ཉིན། གཞིས་རྩེའི་མི་རིགས་རྒྱན་གོས་སྤུས་རྟགས“ཚོན་མདོག་སྣ་ལྔའི་རྒྱན་གོས”ཀྱིས་སྒྲིག་འཛུགས་བྱས་པའི“དུས་བཞི། ཚོན་ལྔ། ལོ་ངོ་དྲུག་བརྒྱ”ཡི་བརྗོད་དོན་གཙོ་བོའི་ཡོངས་བསྒྲགས་ཚོགས་འདུ་ལྷ་ས་ནོར་བུ་གླིང་ཁར་འཚོགས་པ་རེད།
“ཚོན་མདོག་སྣ་ལྔའི་རྒྱན་གོས”ནི་གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་སེམས་ནུས་ཡོད་རྒུས་བཏོད་པའི་རིག་གནས་ཀྱི་སྤུས་རྟགས་ཤིག་ཡིན་ཞིང་། དེའི་ཐོག་མའི་བསམ་ཕྱོགས་ནི་ཐོན་རྫས་བརྒྱུད་གཞིས་རྩེའི་སྲོལ་རྒྱུན་རིག་གནས་འཛམ་གླིང་ལ་ངོ་སྤྲོད་བྱ་རྒྱུ་དེ་རེད། སྤུས་རྟགས་དེའི་གྱོན་ཆས་ཇུས་འགོད་པ་ཁྲེང་ཞའོ་ཆིན་གྱིས་ངོ་སྤྲོད་བྱས་དོན། ད་ཐེངས་ཇུས་འགོད་བྱེད་སྐབས་སྲོལ་རྒྱུན་དང་དེང་རབས་ཟུང་དུ་སྦྲེལ་ནས་དུས་བཞིའི་ཚོན་མདོག་གི་འགྱུར་བ་དང་། གཞིས་རྩེའི་རིག་གནས་ཀྱི་མཚོན་རྟགས། ལོ་ངོ་དྲུག་བརྒྱ་ལྷག་ཙམ་གྱི་འགྱུར་ལྡོག་དང་ལོ་རྒྱུས་བཅས་འདུས་ཡོད་པས། གཞིས་རྩེའི་མི་རིགས་རྒྱན་གོས་དུས་རབས་བརྒལ་བའི་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་ལུགས་མངོན་ཡོད།