དབུ་ཤོག>བོད་ཀྱི་རིག་གནས།>རིག་གནས་པར་མཛོད།
  • བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་ལེན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-07

    ཉེ་ཆར་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་གྱིས་ཞིང་འབྲོག་པའི་གཟུགས་བརྙན་གསར་པ་གཏོད་པའི་རྩལ་ནུས་འགྲན་བསྡུར་སྐབས་བཞི་པ་འཚོགས་ཤིང་། དེའི་དམིགས་ཡུལ་ནི་དུས་རབས་གསར་པའི་འཕྱོངས་རྒྱས་གྲོང་རྡལ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཧུར་སྐྱེད་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མཚོན་པ། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་ཤེས་དཔལ་སྲོལ་བཟང་སྐྱེད་སྲིང་བྱེད་པ་བཅས་བྱ་ཆེད་རེད། འདི་ནི་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཞོལ་ཁང་སྡེ་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཚོས《ལྷན་འཛོམས》ཞེས་པའི་སྒོར་གཞས་འཁྲབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།