དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སུ་རྒྱུན་གཏན་གྱི་གཞུང་དོན་སྒྲུབ་པ་དང་སྦྲགས་ལྷ་སར་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མཛད་སྒོ་ཡང་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-13

    ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སུ་རྒྱུན་གཏན་གྱི་གཞུང་དོན་སྒྲུབ་པ་དང་སྦྲགས་ལྷ་ས་གྲོང་ཁྱེར་དུ་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་མཛད་སྒོ་ཡང་སྤེལ་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་དང་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་གནང་བ་རེད།

    ཟླ་7ཚེས་11དང་12ཉིན། པཎ་ཆེན་རིན་པོ་ཆེས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ་དང་འབྲེལ་ལས་དོན་སྙན་སེང་ཡང་ཞུས་པ།  པཎ་ཆེན་རིན་པོ་ཆེས་ལས་དོན་སྙན་སྒྲོན་ནང་ནན་བཤད་གནང་དོན། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་དང་། “འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་ནས་དགོན་སྡེའི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་། “སྣེ་ཁྲིད”བྱེད་ཤུགས་ཆེ་རུ་བཏང་ནས“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། ཆོས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ། རང་ངོས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་བསྟན་དོན་དང་འདུལ་ཁྲིམས་ལ་འཆད་འགྲེལ་བྱེད་པ། སྤྱོད་ཚུལ་ལེགས་སུ་ཏན་ཏིག་བཏང་ནས་རང་ངོས་འཛུགས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ནས་སྦྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་ཧུར་ཐག་འདོན་པ་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་དགོས།

    ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཁྲིད་དགོངས་འགྲེལ་སྤེལ་རེས་ཚོགས་འདུ་སྐབས་བརྒྱད་པ་གཙོ་སྐྱོང་གནང་སྐབས་པཎ་ཆེན་རིན་པོ་ཆེས་ནན་བཤད་གནང་དོན། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་སུ་རྩ་བ་ཚུགས་པ་དང་ཕན་འབྲས་ཐོན་ཐུབ་པར་སྐུལ་འདེད་གཏོང་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་དཔེ་ཁྲིད་དགོངས་འགྲེལ་གཏིང་ཟབ་བྱས་ནས་བོད་བརྒྱུད་ནང་བསྟན་དེ་ཕྱོགས་ཡོངས་ནས་ཀྲུང་གོ་ཅན་མཐར་ཕྱིན་པ་ཡོང་བར་སྐུལ་འདེད་གཏོང་དགོས། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་འགན་འཁྲི་ཁུར་ཐོག་ཆོས་ལུགས་ཀྱི་ཡོན་ཚད་མཐོ་རུ་བཏང་ནས་རང་ངོས་ཀྱི་ཆོས་ལུགས་བློ་སྦྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས།

    དེའི་རིང་པཎ་ཆེན་རིན་པོ་ཆེས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ཐེངས་བཅུ་གཅིག་པའི་ཚོགས་གཙོའི་ཚོགས་འདུ་ཐེངས་དགུ་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་གཏམ་རྒྱུད་སྒྲོག་འགྲེལ་བཞུགས་མོལ་ཚོགས་འདུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི“འདུ་ཤེས་གསུམ”གྱི་བཞུགས་མོལ་ཚོགས་འདུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་གསོ་སྐྱོང་སློབ་གསོའི་བཞུགས་མོལ་ཚོགས་འདུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ནང་བསྟན་མཐུན་ཚོགས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བཞུགས་མོལ་ཚོགས་འདུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོའི་གཞུང་དོན་ཚོགས་འདུ་ཐེངས་བཞི་པ་ནས་བདུན་པའི་བར་གཙོ་སྐྱོང་གནང་བ་དང་སྦྲགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་ཁག་གི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་ལག་བསྟར། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ཁག་ཆ་ཚང་ཞིང་གནད་ལ་འཁེལ་བར་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

    ལྷ་སར་བཞུགས་རིང་། པཎ་ཆེན་རིན་པོ་ཆེས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་ར་མོ་ཆེ་དང་། ཁྲེང་ཀོན་ཆུས་ཀྱི་ཚེ་མཆོག་གླིང་དགོན། མལ་གྲོ་གུང་དཀར་རྫོང་གི་འབྲི་གུང་མཐིལ་དགོན་བཅས་ལ་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བར་ཕེབས་པར་དགོན་སྡེ་ཁག་ཚང་མས་ཆོས་ལུགས་ཀྱི་གུས་ལུགས་མཐོ་ཤོས་ནས་ཕེབས་བསུ་ཞུས་ཤིང་། པཎ་ཆེན་རིན་པོ་ཆེས་དགེ་འདུན་པའི་སྣེ་ཁྲིད་དེ་ཆར་ཆུ་དུས་སུ་འབབ་པ་དང་རྒྱལ་དར་དམངས་བདེ་ཡོང་བའི་གསོལ་བ་སྨོན་ལམ་བཏབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།