དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སློབ་སྤྱི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྨྱུག་སོན་ནོར་སངས།   |     སྤེལ་དུས།  2023-09-10

    སློབ་སྤྱི།

    དགེ་སློབ་ཀྱི་སེམས་ནང་གོ་ས་ཡོད་མཁན་དེ་ལགས།

    དྲང་བདེན་གྱི་རྒྱ་སྲང་འཇལ་ཐུབ་མཁན་དེ་ལགས།

    རྒྱབ་མདུན་གྱི་གསང་བ་བརྟོལ་ཐུབ་མཁན་དེ་ལགས།

    རྒྱུ་འབྲས་ཀྱི་བློ་མིག་ཡངས་པོར་ཕྱེ་ཐུབ་མཁན་དེ་ལགས།

    སློབ་སྤྱི།

    དཔུང་ཁག་གཅིག་གི་ལམ་སྣེ་འཁྲིད་མཁན་དེ་ལགས།

    དཔུང་ཁག་གཅིག་གི་མིག་དཔེ་སྟོན་མཁན་དེ་ལགས།

    ཉེ་རིང་མེད་པའི་བློ་སེམས་ཡོད་མཁན་དེ་ལགས།

    རང་ལ་དབང་བའི་ལྟ་བ་རྣམ་དག་ཡོད་མཁན་དེ་ལགས།

    སློབ་སྤྱི།

    སློབ་གྲྭ་གཅིག་གི་གདུང་འདེགས་ཀ་བ་དེ་ལགས།

    སློབ་གསོའི་ལས་ལ་རྒྱུས་མངའ་ཡོད་མཁན་དེ་ལགས།

    སློབ་གསོའི་ལས་ལ་ཞིབ་འཇུག་ཡོད་མཁན་དེ་ལགས།

    སློབ་གསོའི་ལས་ལ་མཐོང་ཆེན་ཡོད་མཁན་དེ་ལགས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།