དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ལག་རྩལ།
  • རྒྱུན་འཛིན་། འཕེལ་རྒྱས་། མཉམ་སྤྱོད་།

    —— “སྙེ་མོའི་གྲོག་རོང་ཆེན་པོ། ཐོན་པའི་སྤོས་ཀྱི་འབྱུང་ཁུངས”ཞེས་པའི་སྤོས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པའི་པར་རིས་བདམས་བཀོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-09

    འདི་ནི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་སྤེལ་རིང་ཡུལ་སྐོར་བས་འཁྲབ་སྟོན་རུ་ཁག་དང་མཉམ་དུ་ཆུ་འཁོར་བར་ཁྱམས་སུ་སྙེ་མོ་ཐོན་པའི་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་རིག་གནས་ལ་ལྟ་བར་སྐྱོད་པ།


    འདི་ནི་སྤོས་བཟོའི་ལག་ཤེས་པས་བྱེད་སྒོ་སྤེལ་ཡུལ་དུ་སྤོས་བཟོ་སྟངས་སྟོན་བཞིན་པ།

    ཉེ་ཆར། “སྙེ་མོའི་སྤོས་ཀྱི་རིག་གནས་རྒྱུན་འཛིན་དང་། འཕེལ་རྒྱས། མཉམ་སྤྱོད”ཀྱི་བརྗོད་དོན་གཙོ་བོའི“སྙེ་མོའི་གྲོག་རོང་ཆེན་པོ། ཐོན་པའི་སྤོས་ཀྱི་འབྱུང་ཁུངས”ཞེས་པའི་སྤོས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་དུ་འགོ་ཚུགས་པ་རེད།

    འགོ་ཚུགས་མཛད་སྒོར་སྙེ་མོ་རྫོང་སྒྱུ་རྩལ་ཚོགས་པས་གླུ་གར་འཁྲབ་ཚན《སྤོས་ལ་བཅངས་པའི་བརྩེ་བ》ཞེས་པ་འཁྲབ་ཅིང་། འཁྲབ་སྟོན་པ་ཚོས་ནང་སྦྱོང་ཚགས་ཚུད་པོ་བྱས་པའི་ངོ་མཚར་ཆེ་བའི་ཞབས་བྲོ་ལས་སྙེ་མོའི་སྤོས་འཕེལ་རྒྱས་ཀྱི་བྱུང་རིམ་བརྗོད་དེ་ལྟད་མོ་བར་དུས་ཡུན་རིང་བའི་སྙེ་མོའི་སྤོས་ཀྱི་ལོ་རྒྱུས་བརྗོད།

    བྱེད་སྒོའི་ཉིན་མོར་སྙེ་མོའི་སྤོས་ཀྱི་རིག་གནས་སྔར་བས་རྒྱུན་འཛིན་ཡག་པོ་བྱ་ཆེད། སྙེ་མོ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཚེ་དབང་རྡོ་རྗེས་མི་རབས་དུ་མ་དང་ཕ་ཚ་བུ་རྒྱུད་ནས་རིག་གནས་རྒྱུན་འཛིན་བྱེད་བཞིན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་10ལ“སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་བར་གུས་འདུད་ཞུ”ཞེས་པའི་བྱང་བུ་སྤྲད། མཉམ་དུ་མིང་རྟགས་འགོད་པའི་མཛད་སྒོར་ཐན་ཧྥུའུ་དྲི་ཞིམ་གསོ་ཐབས་ཞིབ་འཇུག་ཁང་དང་། བོད་ལྗོངས་སའི་གོ་ལའི་སྣེ་གསུམ་པའི་ཚོང་གཉེར་ཚད་ཡོད་ཀུང་སིས་སྙེ་མོ་རྫོང་དང་འཐབ་ཇུས་རོགས་ཟླའི་སྒྲོམ་གཞིའི་གྲོས་མཐུན་བཞག་ནས་སྤོས་ཐོན་ལས་གསར་སྤེལ་གཏིང་ཟབ་བྱ་རྒྱུ་དང་། ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཚོགས་པའི་བྱང་ཤར་གློག་ཤུགས་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སི་དང་། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་བོད་ལྗོངས་ནུས་རྒྱུ་ཚད་ཡོད་ཀུང་སི། པེ་ཅིང་ནུས་རྒྱུ་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི། པེ་ཅིང་ལུང་དབྱི་ཧུད་ཤིང་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཁེ་ལས་བཞིས་སྙེ་མོ་རྫོང་མི་དམངས་སྲིད་གཞུང་དང་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཁྱོན་མ་རྩ་སྒོར་དུང་ཕྱུར་150ལྷག་ཙམ་གཏོང་རྒྱུའི་གྲོས་མཐུན་བཞག་ཡོད།

    “ད་རེས་ཀྱི་བྱེད་སྒོ་ནི། ཐུན་མོང་མ་ཡིན་པའི་སྙེ་མོའི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོམས་སྟོན་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་ལ། སྙེ་མོའི‘བོད་ཡིག་སྲོལ་གཏོད་པའི་ཕ་ཡུལ། སྤོས་ཀྱི་རིག་གནས་དར་ཡུལ’གྱི་ཐོན་རྫས་གྲགས་ཅན་གྱི་སྐད་གྲགས་ཆོད་ཚད་མུ་མཐུད་ཆེ་རུ་དང་ཐོན་ལས་འཁོར་འབྲེལ་གལ་ཆེན་ལ་བརྟེན་ནས་ཚོང་འགུགས་མ་འདྲེན་ལ་སྐུལ་འདེད་གཏོང་རྒྱུར་ཚོད་ལྟ་ཤུགས་ཆེན་བྱས་པ་ཞིག་ཀྱང་ཡིན་པས། ང་ཚོས་ད་རེས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་ཚོང་གཉེར་གྱི་ཁོར་ཡུག་སྔར་བས་ལེགས་གཏོང་དང་། ལས་ཀའི་བསམ་ཕྱོགས་གསར་གཏོད། ཐོན་ལས་རྒྱུ་ཆ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་དང་ཁེ་ལས་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དང་། ཁྲོམ་ར། ཐོན་རྫས་གྲགས་ཅན་བཅས་ཀྱི་ཆ་འཕྲིན་མཉམ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། སྙེ་མོའི་སྤོས་ཀྱི་ཐོན་ལས་དང་ལྷག་པར་དུ་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་གི་ཡིན་ཞེས་ཚེ་དབང་རྡོ་རྗེས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་གིས“མཆོག་ནོར་གསུམ་དང་ལག་རྩལ་བདུན”གྱི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་དང་། “ཡར་ཀླུང་གཙང་པོའི་སྙེ་མོའི་གྲོག་རོང་ཆེན་པོར”བརྟེན་ནས་ཐོན་རྫས་གྲགས་ཅན་གཏོད་རྒྱུ་གཙོ་རྐང་དུ་བྱས་ནས“ལྷ་སའི་བྱང་སྐོར་ལམ”དང་རང་རྟོགས་ངང་མཉམ་འདྲེས་ཀྱིས་སྐྱེ་ཁམས་བཟང་བའི་ཡུལ་སྐོར་ཐོན་ལས་ཧུར་ཐག་བཏོད་དེ། མི་རིགས་ཀྱི་ལག་ཤེས་ལས་རིགས་དང་། སྤྲོ་གསེང་ལྗོངས་གཟིགས་ལས་རིགས། ས་མཐོའི་ཁྱད་ལྡན་ཞིང་ལས། རིག་གནས་ཡུལ་སྐོར་ལས་རིགས་སོགས་གཞི་རྒྱུ་མང་བའི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་པ་ཞིག་ཧུར་ཐག་བཏོད་ཅིང་། འབྱུང་འགྱུར་སྙེ་མོ་རྫོང་གིས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། ལས་ཀའི་བསམ་ཕྱོགས་གསར་གཏོད། ཐོན་ལས་ཀྱི་རྒྱུ་ཆ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་དང་ཁེ་ལས་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་། ཁྲོམ་ར། ཐོན་རྫས་གྲགས་ཅན་བཅས་ཀྱི་ཆ་འཕྲིན་མཉམ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། སྙེ་མོའི་སྤོས་ཀྱི་ཐོན་ལས་དང་ལྷག་པར་དུ་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད།

    འདི་ནི་འགོ་ཚུགས་མཛད་སྒོར་ལྷ་མོ་འཁྲབ་བཞིན་པ།

    འདི་ནི་མཉམ་དུ་མིང་རྟགས་འགོད་བཞིན་པ།

    འདི་ནི་གཞས《ཤེས་རིག་གི་དྲི་བསུང་འཐུལ་བའི་ཕ་ས》གཏོང་བཞིན་པ།

    འདི་ནི“སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་བར་གུས་འདུད་ཞུ”ཞེས་པའི་བྱང་བུ་སྤྲོད་བཞིན་པ།

    འདི་ནི་འགོ་ཚུགས་མཛད་སྒོར་སྤོས་སྤོར་བཞིན་པ།

    འདི་ནི“སྙེ་མོའི་གྲོག་རོང་ཆེན་པོ། ཐོན་པའི་སྤོས་ཀྱི་འབྱུང་ཁུངས”ཞེས་པའི་སྤོས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་གླུ་གར་འཁྲབ་ཚན《སྤོས་ལ་བཅངས་པའི་བརྩེ་བ》འཁྲབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།