དབུ་ཤོག>བོད་ཀྱི་རིག་གནས།>རིག་དངོས་རྟོག་ཞིབ།
  • “གནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོ”ཞེས་པའི་བོད་ཀྱི་རིག་དངོས་གནའ་རྫས་རྟོག་ཞིབ་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་བྱུང་བ།

    ལོ་ལྟར་ཕྱི་རོལ་དུ་གནའ་རྫས་རྟོག་ཞིབ་ཀྱི་ལས་དོན་རྣམ་གྲངས་7ནས་10བར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-07

    ཉིན་ཤས་གོང་གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར། 2021ལོ་ནས་བཟུང་རང་ལྗོངས་ཀྱི་རིག་དངོས་སྡེ་ཚན་གྱིས་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་བཏོན་པའི“གནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོ”ཞེས་པའི་རྣམ་གྲངས་ཀྱི་བླང་བྱ་དང“བོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་འཆར་འགོད”ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དང་གཙོ་གནད་རྣམ་གྲངས་ཀྱི་འཆར་གཞི་གཞིར་བཟུང་། ལོ་ལྟར་ཕྱི་རོལ་དུ་གནའ་རྫས་རྟོག་ཞིབ་ལས་དོན་རྣམ་གྲངས་7ནས་10བར་སྤེལ་ཞིང་། མིག་སྔའི་བར“གནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོ”ཞེས་པའི་བོད་ཀྱི་རིག་དངོས་གནའ་རྫས་རྟོག་ཞིབ་ཀྱི་རྣམ་གྲངས་འཕེལ་རིམ་བདེ་བླག་ཡོད་པ་རེད།

    2020ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས《བོད་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་གྱི་འཆར་འགོད(2021ལོ་ནས་2035ལོའི་བར)》ལ་ཆོག་མཆན་སྤྲད་ཅིང་། བོད་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་དེ“གནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོ”ཞེས་པའི་གལ་ཆེའི་ཞིབ་འཇུག་རྣམ་གྲངས་ནང་འཇུག་རྒྱུར་མོས་མཐུན་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་འཁོར་གཉིས་ཀྱི“གནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོ”ཞེས་པའི་བོད་ཀྱི་རྣམ་གྲངས་ལས་དོན་བཀོད་སྒྲིག་དེ“བོད་ལྗོངས་ས་མཐོའི་སྔ་དུས་ཀྱི་མིའི་རིགས་ཀྱི་འབྱུང་ཁུངས་དང་གནས་སྤོ”དང་། “བོད་ཀྱི་རྡོ་ཆས་སྤྱོད་པའི་དུས་རབས་གསར་པའི་གནའ་རྫས་རྟོག་ཞིབ་རིག་པའི་ཁུལ་ཁོངས་ཀྱི་རིགས” “བོད་ཀྱི་སྔ་དུས་ཀྱི་ལྕགས་རིགས་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་སྒྲོམ་གཞི་དང་སྔ་དུས་ཀྱི་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་འབྱུང་ཁུངས་ཞིབ་འཇུག”“བོད་ཀྱི་གནའ་རྫས་རྟོག་ཞིབ་དང་ཞིབ་འཇུག”བཅས་ཞིབ་འཇུག་བྱ་གཞི་གལ་ཆེན་བཞིར་དམིགས་ནས་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ལག་ལེན་བསྟར་བའི་རྣམ་གྲངས་ཏེ་རུ་ཐོག་རྫོང་གི་ཤར་གཏད་མཚོ་གནའ་ཤུལ་དང་སྒར་རྫོང་གི་བྱེ་ར་གནའ་ཤུལ་སོགས་རྣམ་གྲངས་ལག་ལེན་བསྟར་ནས

    “བོད་ཀྱི་ས་མཐོའི་སྔ་དུས་ཀྱི་མིའི་རིགས་ཀྱི་འབྱུང་ཁུངས་དང་གནས་སྤོ”དང་རྡོ་ཆས་ལག་རྩལ་ཁྱབ་སྤེལ་སོགས་ལ་ཞིབ་འཇུག་བྱ་རྒྱུར་གལ་ཆེའི་མཐོང་ཐོས་མྱོང་གྲུབ་ཀྱི་ཐོག་མའི་དཔྱད་གཞི་ཐོབ་པར་བྱས་ཡོད། དེའི་ཁྲོད་ནས་ཤར་གཏད་མཚོ་དང་བྱེ་ར་གནའ་ཤུལ་གཉིས་ཀྱིས་ད་བར་གྱི་ལོ་ཁྲི་1ནས་ལོ་7000བར་གྱི་ས་གཤིས་དུས་རབས་སྔ་དུས་ཀྱི་རྔོན་རྒྱག་འཚོལ་བསྡུ་བས་མཚོ་བོད་ས་མཐོ་གསར་འབྱེད་ཀྱི་ལོ་རྒྱུས་ལ་གནའ་རྫས་རྟོག་ཞིབ་རིག་པའི་དཔང་རྟགས་ཁུངས་བཙན་མཁོ་འདོན་བྱས་པ་དང་ཆབས་ཅིག བོད་ཀྱི་གནའ་རྫས་རྟོག་ཞིབ་ལ་ད་བར་གྱི་ལོ་ཁྲི་1ནས་ལོ་5000བར་གྱི་རྡོ་ཆས་སྤྱོད་པའི་དུས་རབས་གསར་པའི་སྔ་དུས་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་འཕེལ་རྒྱས་ཀྱི་སྟར་རིམ་མི་འདང་བའི་སྟོང་ཆ་བསྐངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།