དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་ཡུལ་སྲོལ།
  • ལྷོ་ཁ་གྲོང་ཁྱེར་གྱིས་གཟི་བྱིན་བླ་མཚོའི་ཡུལ་སྐོར་དམངས་གཞས་མཛད་སྒོ་སྐབས་དང་པོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-07

    ཉེ་དུས་ལྷོ་ཁའི་གཟི་བྱིན་བླ་མཚོའི་ཡུལ་སྐོར་དམངས་གཞས་མཛད་སྒོ་སྐབས་དང་པོ་ཟངས་རི་རྫོང་དུ་གཉེར་བ་རེད། མཛད་སྒོའི་ཐོག“མཛེས་སྡུག་ལྡན་པའི་བོད་ལྗོངས། ལྷོ་ཁར་གླུ་དབྱངས་ལེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས“ཡུལ་སྐོར་དུས་ཆེན་གྱི་སྤུས་རྟགས་གཏོད་པ་དང་། དམངས་གཞས་ཀྱི་སྟོན་མོ་འབུལ་བ། དམངས་གཞས་སྙན་མོ་ལེན་པ། ཡུལ་སྐོར་སྤུས་དག་ཁག་གཅིག་འོས་སྦྱོར་བྱེད་པ”བཅས་དམིགས་ཚད་དུ་བྱས་ཏེ་ལྷོ་ཁའི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པ་རེད།

    སྐབས་འདིའི་མཛད་སྒོ་དེ་འགོ་ཚུགས་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན་ཁག་གཉིས་ལས་གྲུབ་པ་ཞིག་རེད། དེའི་ནང་རིག་རྩལ་འཁྲབ་སྟོན་ཐད་གསར་གཏོད་བྱ་རྒྱུར་སྣང་ཆེན་དང་། དམངས་གཞས་ཀྱིས་གཙོ་བོར་བྱེད་པ། རོལ་དབྱངས་འཁྲབ་སྟོན་དང་། གཞས་མ་གཏམ་གྱི་འཁྲབ་ཚན་སོགས་མཉམ་འདྲེས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།