དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བདུན་པས་བོད་རིག་པའི་དར་རྒྱས་གོང་འཕེལ་དང་སྒོ་དབྱེའི་བོད་ལྗོངས་ལ་དམིགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བདུན་པ་པེ་ཅིང་དུ་འཚོགས་ཤིང་། སྐབས་འདིའི་བགྲོ་གླེང་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“བོད་རིག་པའི་དར་རྒྱས་གོང་འཕེལ་དང་སྒོ་དབྱེའི་བོད་ལྗོངས”ཞེས་པ་དེ་རེད། ཉིན་གསུམ་ནང་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་300ལྷག་ཙམ་གྱིས་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་དང་། སློབ་གསོ། བོད་བརྒྱུད་ནང་བསྟན། བོད་ཡིག་གི་ཚད་ལྡན་ཡིག་ཆ། སྤྱི་ཚོགས་ཕྱོགས་སྒྱུར་དང་འཕོ་འགྱུར། ལེགས་སྦྱར་གྱི་སྐད་ཡིག མཚོ་བོད་གླིང་སྣེའི་ས་ཁུལ་གྱི་བཟོ་སྐྲུན་དང་མིའི་འཚོ་སྡོད་ཁོར་ཡུག་སོགས་རིག་ཚན་ཚོགས་ཆུང་20ལ་དམིགས་ཏེ། སྤེལ་རེས་དང་བགྲོ་གླེང་བྱས་ནས་བོད་རིག་པ་ཞིབ་འཇུག་གི་འབྱུང་འགྱུར་ཁ་ཕྱོགས་ལ་རྒྱང་ལྟ་བྱས་པ་རེད།

    བགྲོ་གླེང་ཚོགས་འདུའི་ཚོགས་ཆེན་གྱི་གཏམ་བཤད་སྤེལ་བའི་བརྒྱུད་རིམ་ནང་རིགས་གཅིག་མཁས་ཅན་བདུན་གྱིས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཆོས་ལུགས་སོགས་ཕྱོགས་མང་པོ་ནས་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་དང་། རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་མཉམ་སྤྱོད་དང་སྤེལ་རེས་བྱས་པ། བོད་རིག་པ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་གྲོས་བསྡུར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།