དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • དུག་འགོག་རོལ་དབྱངས་ཟློས་གར《ལིན་ཙེ་ཞུས་པེ་ཅིང་དུ་ཡོད་པ》ཞེས་པ་བོད་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

     དུག་འགོག་གི་སྔོན་བྱོན་པ་ལིན་ཙེ་ཞུས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་ཆེད། རྒྱལ་ཁབ་དུག་འགོག་གཞུང་དོན་ཁང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། པེ་ཅིང་གྲོང་ཁྱེར་རོལ་དབྱངས་ཟློས་གར་ཚོགས་པས་ཟླ་8པའི་རིང་རང་ལྗོངས་སུ་དུག་འགོག་རོལ་དབྱངས་ཟློས་གར《ལིན་ཙེ་ཞུས་པེ་ཅིང་དུ་ཡོད་པ》ཞེས་པ་བོད་དུ་སྐོར་སྐྱོད་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་རྒྱུ་རེད། ཚེས་7ཉིན་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པར་འགོ་ཚུགས་མཛད་སྒོ་དང་འཁྲབ་སྟོན་ཐེངས་དང་པོའི་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟློས་གར་དེའི་ནང་ཆིང་རྒྱལ་རབས་དུས་མཇུག་སྐབས་ལིན་ཙེ་ཞུས་ཀྱིས་པེ་ཅིང་དུ་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་ནུས་ཤུགས་ཡོད་རྒུས་དུག་རྫས་གཏན་འགོག་བྱས་པ་དང་། རང་དཔེ་གཞན་སྟོན་གྱིས་མི་རབས་རྗེས་མར་དཔོན་པོ་སྤྱོད་གཙང་བྱེད་དགོས་པའི་སློབ་གསོ་བཏང་ནས། དུག་རྫས་གཏན་འགོག་གི་གཏམ་རྒྱུད་བརྗོད་ཡོད། དེའི་དམིགས་ཡུལ་ནི་དུག་འགོག་གི་སྔོན་བྱོན་པ་ལིན་ཙེ་ཞུས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སྔར་བས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། མང་ཚོགས་ཀྱིས་ཟློས་གར་ལ་བལྟས་ནས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་དུག་འགོག་ནན་པོ་བྱ་རྒྱུར་སློབ་གསོ་རྒྱག་ཆེད་ཡིན་ཞིང་། ཟླ་8ཚེས་5ནས་19ཉིན་བར་ཟློས་གར་དེ་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་སོགས་གྲོང་ཁྱེར་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།