དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ཀྲུང་གོ་ནན་ཏིང་ཀེར་དང་བླངས་ནད་སྐྱོང་ཞབས་ཞུ་སྤྱི་ཁྱབ་རུ་ཁག་གི་བོད་ལྗོངས་ས་ཁུལ་གྱི་དང་བླངས་ནད་སྐྱོང་ཞབས་ཞུ་རུ་ཁག་6བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-14

    ཉིན་ཤས་གོང་། ཀྲུང་གོ་ནན་ཏིང་ཀེར་དང་བླངས་ནད་སྐྱོང་ཞབས་ཞུ་སྤྱི་ཁྱབ་རུ་ཁག་གི་བོད་ལྗོངས་ས་ཁུལ་གྱི་དང་བླངས་ནད་སྐྱོང་ཞབས་ཞུའི་རུ་ཁག་6འཛུགས་པའི་ཚོགས་ཆེན་ལྷ་སར་འཚོགས་པ་རེད།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་། འདམ་གཞུང་རྫོང་མི་དམངས་སྨན་ཁང་། ཆུ་ཤུར་རྫོང་མི་དམངས་སྨན་ཁང་བཅས་ཀྱི་དང་བླངས་ནད་སྐྱོང་ཞབས་ཞུ་རུ་ཁག་6ལ་དར་ཆ་སྤྲད་ནས་བཙུགས་པ་དེ་ཐོག་ནས་རང་ལྗོངས་ཀྱི་རིམ་ཁག་སྨན་ཁང་གི་དང་བླངས་ཞབས་ཞུ་ཚད་ལྡན་དུ་འགྱུར་བར་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་དང་བླངས་ནད་སྐྱོང་ཞབས་ཞུ་རུ་ཁག་དྲུག་པོས་རུ་ཁག་བཙུགས་པ་དེ་འགོ་འཛུགས་ས་གསར་པར་བྱས་ནས་ཀྲུང་གོ་ནན་ཏིང་ཀེར་དང་བླངས་ནད་སྐྱོང་ཞབས་ཞུ་སྤྱི་ཁྱབ་རུ་ཁག་དང་། བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པ། ལྗོངས་དང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ནན་ཏིང་ཀེར་གྱི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་བཏང་ནས། དམ་བཅའ་བློ་ལ་བརྟན་པོར་ངེས་པ་དང་ལག་ལེན་བསྟར་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་མཁན་ཡག་པོ་ཞིག་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།