གཏམ་དཔེ་བདམས་བཏུས།
※ རང་ཁ་སྦར་མོས་ཁེབས་ཀྱང་།
མི་ཁ་གནམ་གྱིས་མི་ཁེབས།
※ སོ་ནང་གི་སྲིན་འབུ།
མིག་ནང་གི་ལིང་ཏོག
※ ཨ་ཕ་དབང་ཆ་ཆེ་ཡང་།
རྩམ་ཁུག་ཨ་མའི་ལག་ཏུ་ཡོད།
※ སྐབས་བབ་ཀྱི་གཏམ།
དུས་བབ་ཀྱི་ཆར།
※ ཨ་སྔོན་གནམ་ལ་འདོམ་འཇལ།
དོག་མོ་ས་ལ་ཐོ་འཇལ།
※ འགྲོ་རོགས་གྲིབ་མ་ནག་རིལ།
ཉལ་རོགས་པུས་མོ་སྐྱ་རིལ།
※ ཕྱི་སྟོན་པའི་ན་བཟའ།
ནང་སྤྱང་ཀིའི་རྣམ་ཤེས།
※ ལྷ་རྣམ་སྲས་ཀྱི་བང་མཛོད་ལ།
འདྲེ་ཡི་དྭགས་ཀྱི་དཀོན་གཉེར།
※ གཏམ་འདོད་བོང་བུར་བཞོན་ནས།
རྐང་མཐིལ་ས་ལ་དྲུད་སོང་།
※ ལུང་ཆུང་ཇག་པས་ཁེངས་དུས།
ནོར་མེད་ཨ་ཇོའི་སྐྱིད་པ།