དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • ལོ་20ཡི་རིང་རིམ་རྩིས་བྱས་ན་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་11751གིས་བོད་དུ་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-20

    གསར་འགོད་པར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ལོ་20ཡི་རིང་། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཁག་20དང་མི་གྲངས་11751བོད་ལ་བསྐྱོད་ནས་ཞབས་འདེགས་ཞུས་ཤིང་། ཞབས་ཞུའི་ལས་གནས་ལྗོངས་ཐད་གཏོགས་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7དང་། རྫོང(ཆུས)68ལ་ཁྱབ་པའི་ནང་ས་བབ་མཐོ་བའི་རྫོང་དང་ཆུས་དྲུག་ལ་ལག་ལེན་བསྟར་མེད་པ་དང་། ཞབས་ཞུའི་ཁྱབ་ཁོངས་དེ་སྤྱི་ཚོགས་བཅོས་སྐྱོང་དང་། སློབ་གསོ་འཕྲོད་བསྟེན། གཞི་རིམ་གྱི་གཞོན་ནུའི་ལས་དོན། ཞིང་འབྲོག་ཆུ་བེད། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་སོགས་ལ་ཁྱབ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་20ཡི་རིང་། ཞབས་ཞུའི་དུས་བཀག་ཐིམ་པའི་དང་བླངས་པ་3937སྔ་རྗེས་སུ་བོད་ལ་བསྡད་ནས་ལས་ཀ་བྱེད་པ་དང་མཐའ་མཚམས་ལ་གཞིས་ཆགས་ནས་མེས་རྒྱལ་ལ་ཞབས་འདེགས་ཞུས་པའི་ཁྲོད། གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་གྱི་བོད་སྡོད་ལས་ཀ་བྱེད་མཁན་དང་བླངས་པ་2257ཡོད་པ་དེས་བསྡུར་ཚད་71.2%བཟུང་ཡོད། བོད་སྡོད་ལས་དོན་སྒྲུབ་མཁན་དང་བླངས་པ་དེ་དག་གཞི་རིམ་གྱི་ལས་དོན་སྒྲུབ་པའི་སྟོབས་ཤུགས་ཤིག་ཏུ་གྱུར་ནས་བོད་ཀྱི་ལས་བྱེད་ཤེས་ལྡན་པའི་གྲུབ་ཆ་ལེགས་སུ་ཕྱིན་ཡོད། གཞན་ཡང་། ཉེ་བའི་ལོ་དེ་དག་རིང་། ནུབ་རྒྱུད་འཆར་གཞིའི་དང་བླངས་པ(ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་དང་བླངས་པ་ཚུད་པ)ཡིས་དང་བླངས་ཞབས་ཞུའི་རྣམ་གྲངས་40ལག་ལེན་བསྟར་བ་དེ་དག་སློབ་སྐྱོར་སློབ་ཁྲིད་དང་། རྒན་སྐྱོར་དབང་སྐྱོན་རོགས་རམ། ཤེས་དཔལ་དར་སྤེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། འགོ་ནད་འགོག་བཅོས། སྦྱངས་འབྲས་མཐོར་གཏོང་ཟུར་ཁྲིད་སོགས་ཀྱི་ཁྱབ་ཁོངས་མང་པོ་དང་འབྲེལ་ཞིང་། ནུབ་རྒྱུད་འཆར་གཞིར་དང་བླངས་པ་4000ལྷག་ཙམ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།