དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ༄༅།། མཚར་གཏམ་ཐོས་པ་འཛུམ་ཤོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-09

    དོགས་པ་ཟ་བ།

    བུད་མེད་ཅིག་གིས་རང་གི་ཁྱོ་ག་དང་ཁ་འབྲལ་ཆེད་ཁྲིམས་ཁང་དུ་བསྐྱོད།

    བུད་མེད། ང་ཁོ་དང་ཁ་འབྲལ་གྱི་ཡིན།

    ཁྲིམས་དཔོན། རྒྱུ་མཚན་ག་རེ་ཡིན་ནམ།

    བུད་མེད། ཁོས་ང་ལ་ལྷག་བསམ་རྣམ་དག་བྱེད་ཀྱི་མི་འདུག

    ཁྲིམས་དཔོན། ཁྱོད་ལ་དཔང་རྟགས་ག་རེ་ཡོད།

    བུད་མེད། དཔང་རྟགས་ཡོད། ཁོ་ངའི་ཕྲུ་གུའི་ཨ་ཕ་ངོ་མ་ཡིན་མིན་ལ་དོགས་པ་ཟ་གི་འདུག་ཅེས་བརྗོད།

    བོང་གུའི་སྤུན་མཆེད།

    ཞིང་པ་ཞིག་གིས་བོང་གུ་ཞིག་དེད་ནས་གྲོང་ཁྱེར་དུ་འགྲོ་དུས་ལམ་བར་དུ་ཁྲམ་པ་ཞིག་དང་ཕྲད། ཁྲམ་པ་དེས། ལྟོ་བཟས་སམ་ཞེས་དྲིས་པར། ཞིང་པས། བཟས་པ་ཡིན་ཞེས་ལན་བཏབ། ཁྲམ་པ་དེས། ངས་བོང་གུར་སྐད་ཆ་འདྲི་གི་ཡོད་ཅེས་སྨྲས་པ་ན། ཞིང་པ་དེས་བོང་གུར། ཁྱོད་རང་ལ་གྲོང་ཁྱེར་དུ་སྤུན་མཆེད་འདི་འདྲ་ཡོད་ནའང་ང་ལ་ཤོད་ཙམ་ཡང་མི་བྱེད་པ་ཅི་ཡིན་ཞེས་བཤད་དོ།།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།