དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཏང་ལ་ཕུལ་བའི་བསྟོད་པ་དབྱར་གྱི་འབྲུག་སྒྲ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཐོས་པ་དགའ།   |     སྤེལ་དུས།  2023-07-02

    ཀྲུང་གོའི་རྒྱལ་ཁབ་སྟོབས་དང་འབྱོར་པ་ལྡན། །

    སྤུན་ཟླ་མི་རིགས་ཕན་ཚུན་བརྩེ་བས་ཁེངས། །

    སྲིད་འབྱོར་རིག་གསུམ་འཛམ་གླིང་ཡར་རྩེར་སོན། །

    འདི་དག་རླབས་ཆེན་ཏང་གི་བཀའ་དྲིན་རེད། །

    རླབས་ཆེན་ཏང་གི་བཀའ་དྲིན་བསམ་མི་ཁྱབ། །

    ཀྲུང་ཧྭའི་བུ་ཕྲུག་དགའ་སྐྱིད་དཔལ་ལ་རོལ། །

    ས་གཞི་ཡོངས་ལ་སྐྱིད་པའི་ཉི་མ་ཤར། །

    ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད། །

    རླབས་ཆེན་ཏང་གི་བྱམས་སྐྱོང་ཀུན་ལས་བྱམས། །

    རླབས་ཆེན་ཏང་གི་བརྩེ་སེམས་ཀུན་ལས་བརྩེ། །

    རླབས་ཆེན་ཏང་གི་གཟི་འོད་ཀུན་ལས་འཚེར། །

    ལྷག་བསམ་དཀར་པོས་ཁྱེད་ཀྱི་འཁྲུངས་སྐར་བསུ། །

    ནམ་ཡང་རླབས་ཆེན་ཏང་གི་རྗེས་སུ་འབྲང་། །

    ཏང་གི་བཀའ་སློབ་སེམས་ལ་ཡང་ཡང་དྲན། །

    རྒྱུན་དུ་ཐོག་མའི་བསམ་འདུན་མ་བརྗེད་པར། །

    རང་གི་འགན་འཁྲི་ཡིད་ལ་བརྟན་པོར་བཅངས། །

    དེ་རིང་བཀྲ་ཤིས་ཁ་གཡང་འཛོམས་པའི་ཉིན། །

    མི་དམངས་ཡོངས་ཀྱིས་ཏང་ལ་བསྟོད་བཞིན་ཡོད། །

    སྤྲོ་སེམས་འཁོལ་པོས་འཁྲུངས་སྐར་བསུ་བཞིན་ཡོད། །

    རླབས་ཆེན་ཏང་གི་ཕྱོགས་ལ་རྟེན་འབྲེལ་ཞུ། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།