དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མེ་འཁོར་འབབ་ཚུགས་ནས་པདྨ་དྲན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འདྲེན་སྨྱུག   |     སྤེལ་དུས།  2023-07-02

    མེ་འཁོར་འདུར་གྱིན་གདའ།

    དྲན་པ་འདུར་གྱིན་གདའ།

    རྐང་རྗེས་ལ་མེ་ཏོག་བཞད་ཀྱིན་གདའ།

    སེམས་པ་སྤ་སེ་བཞིན་ལྟ་ཞིབ་

    ཐེངས་གཅིག་བྱས།

    ད་གཟོད་ང་ཡང་འགྲོ་ཆོག་པའི་

    མིའི་གྲལ་དུ་ཚུད།

    རང་ཉིད་ཀྱི་ལག་ཏུ་ཐོགས་པའི་དཔེ་དེབ།

    སེམས་ལ་ཐོགས་པའི་མི་ཞིག་རེད།

    ཤོག་ལྷེ་རེ་རེ་བཞིན་བཀླགས་རྗེས།

    ཤོག་ངོས་འགའ་ལས་

    ལོ་ངོ་གཉིས་ཙམ་གསལ།

    དེ་ནི་འབྲོག་གླུ་ཉན་པ་བཞིན།

    གོ་བདེ་པོ་ཞིག་རེད།

    དྲན་པ་འདུར་རྗེས་ང་ཡང་བཞུར།

    སེམས་ཀྱི་ས་ཚིགས་འགའ་ལས་ལྷ་ས་དྲན།

    ལྷ་ས་ལས་མེ་ཏོག་ཅིག་བཞད་ཚུལ་དྲན།

    དེ་ནི་སེམས་ལ་འབུས་པའི་མེ་ཏོག་ཅིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།