མཚར་གཏམ་ཐོས་པ་འཛུམ་ཤོར།
ལས་འཕྲོ་ཡོད་པ།
ཆུང་མས་བརྙན་འཕྲིན་ལ་ལྟ་བཞིན་ཁྱོ་གར། ང་གཉིས་སློབ་ཆེན་ནས་ཐོན་ཉེར་ཡོད་སྐབས་ཁྱོད་རང་གིས་ང་ལ་བརྩེ་འཕྲིན་མང་པོ་བྲིས་ནས་ཁ་གསང་རོགས་ཟེར་བྱུང་། ཤོད་དང་། ཁྱོད་རང་ང་དང་མཉམ་དུ་སྡོད་འདོད་འདི་འདྲ་ཡོད་དོན་ག་རེ་ཡིན་ནམ་ཞེས་དྲིས་པས། ཁྱོ་གས། དེ་ནི་ང་གཉིས་བར་ལ་ལས་འཕྲོ་ཡོད་པས་རེད་ཅེས་ལན་བཏབ། ཆུང་མས་ཧ་ཅང་མོས་པའི་ངང་། ལས་འཕྲོ་གང་འདྲ་བྱས་ནས་བྱུང་བ་རེད་དམ་ཞེས་དྲིས་པ་ན། ཁྱོ་གས། དེ་དུས་ངས་འཛིན་གྲྭའི་བུ་མོ་ཚང་མར་བརྩེ་འཕྲིན་བྲིས་པ་ཡིན། ཡིན་ནའང་ཁྱོད་རང་གཅིག་པུས་མ་གཏོགས་ཡིག་ལན་སློག་མཁན་མ་བྱུང་སྟབས། ང་གཉིས་བར་ལ་ལས་འཕྲོའི་མདུད་པ་ཐེབས་པ་རེད་ཅེས་བཤད་དོ།།
སྨྲ་ལྕེ་བདེ་བའི་ནེ་ཙོ།
མགྲོན་ཁང་ཞིག་གིས་ནེ་ཙོ་ཞིག་གསོས་ཏེ་སྒོ་ཐོད་དུ་བཏཌ་ཡོད། ནེ་ཙོ་དེ་སྨྲ་ལྕེ་བདེ་བ་སྟེ། མགྲོན་པོས་རྐང་པ་གཡས་པ་ཐེམ་པར་འགེམས་སྐབས། ཐག་རིང་གི་མགྲོན་པོ་སྐུ་ཁམས་བཟང་ཞེས་ཤོད་པ་དང་། མགྲོན་པོས་རྐང་པ་གཡོན་མ་ཐེམ་པར་འགེམས་སྐབས། སྐུ་ཉིད་ཕེབས་པར་དགའ་བསུ་ཞུ་ཞེས་ཤོད་ཀྱི་ཡོད། ཉིན་ཞིག་མགྲོན་པོ་དྲན་རྒྱུ་རྒོད་པོ་ཞིག་གིས་ནེ་ཙོ་དེར་རྩེད་མོ་བརྩེས་ཏེ་རྐང་པ་གཉིས་ཀ་དུས་གཅིག་ཏུ་ཐེམ་པར་མཆོངས་ནས་ནེ་ཙོས་ཅི་ཞིག་ཟེར་མིན་བལྟས་པ་ན། ནེ་ཙོ་དེས། ངུས་ཤིག ང་ནི་རོ་ལངས་ཤིག་ཡོང་གི་འདུག་སྙམ་ནས་མི་ཞེད་དགུ་ཞེད་ཞེད་བྱུང་ཞེས་བཤད།