དབུ་ཤོག>བོད་ཀྱི་རིག་གནས།
  • བུ་མོ་ང་ཡི་ཕ་ཡུལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དོལ་ཟླ་བ་བཟང་པོ།   |     སྤེལ་དུས།  2023-06-04

    གཡང་དཀར་ལུ་གུའི་འབའ་སྒྲ། །

    མཐོ་སྒང་ས་གཞིའི་འགྱུར་ཁུག །

    རྣ་བར་ཐོས་པ་ཙམ་གྱིས། །

    ལུས་སེམས་བདེ་ལ་འཁོད་སོང་། །

    ཡར་འབྲོག་གཡུ་ཡི་གཞོང་པ། །

    བུ་མོ་ང་ཡི་ཕ་ཡུལ། །

    དཀར་མ་གླིང་གི་སྤང་ལྗོངས། །

    གཡང་དཀར་ལུ་གུའི་གདན་ས། །

    སྤང་ལྗོངས་སྐྱིད་པའི་སྒང་ལ། །

    སྤང་རྒྱན་མེ་ཏོག་མཚར་བ། །

    འབྲི་ལུང་ཡར་འབྲོག་བུ་མོ། །

    མེ་ཏོག་ལས་ཀྱང་མཚར་བ། །

    ཆུ་མོ་ཡན་ལག་བརྒྱད་ལྡན། །

    ཡར་འབྲོག་གཡུ་མཚོའི་ཆུ་འགོ །

    གཡུ་མཚོའི་འགྲམ་གྱི་ཕོ་གཞོན། །

    ངང་རྒྱུད་ཆུ་ལས་རིང་བ། །

    རི་མགོ་ཁ་བས་བཏུམས་པ། །

    ཁ་རག་ཇོ་མོ་གངས་དཀར། །

    གངས་རིའི་འདབས་གྱི་བགྲེས་སོང་། །

    ལྷག་བསམ་གངས་ལས་དཀར་བ། །

    མཚོ་མོ་དྭངས་ཤིང་གཙང་བ། །

    ཉ་མོ་གནས་བཟོད་བདེ་བ། །

    མཚོ་མོའི་གཞུང་གི་གཞོན་ནུ། །

    རྐང་བྲོ་གླུ་གཞས་མཁས་པ། །

    ང་ནི་ཡར་འབྲོག་གཞུང་གི།

    མེ་ཏོག་ཡིན་པས་དགའ་བྱུང་། །

    མེ་ཏོག་དེ་ལ་འཁོར་བའི། །

    གཡུ་སྦྲང་སེམས་པ་སྐྱིད་སོང་། །

    དཀར་མ་གླིང་གི་རྩྭ་ཐང་། །

    གཡང་དཀར་ལུ་གུའི་གདན་ས། །

    ང་རང་སྤང་གཤོངས་ཡར་གིའི། །

    ལུ་གུ་དེ་ལ་སྨོན་བྱུང་། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།