དབུ་ཤོག>བོད་ཀྱི་རིག་གནས།>རིག་གནས་པར་མཛོད།
  • བོད་ཀྱིས་རིག་གནས་ཁང(མང་ཚོགས་སྒྱུ་རྩལ་ཁང)གི་ཞབས་ཞུའི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30
      • འདི་ནི་རིག་གནས་ཁང(མང་ཚོགས་སྒྱུ་རྩལ་ཁང)གི་ཞབས་ཞུའི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ཡུལ་དུ་ཡུལ་སྐོར་བས་འབག་བཟོ་བའི་ལག་རྩལ་ཉམས་ལེན་བྱེད་བཞིན་པ།

        ཚེས་22ཉིན་རང་ལྗོངས་ཀྱི་2023ལོའི་རིག་གནས་ཁང(མང་ཚོགས་སྒྱུ་རྩལ་ཁང)གི་ཞབས་ཞུའི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ལྷ་སའི་ནོར་བུ་གླིང་ཁར་སྤེལ་འགོ་ཚུགས་པ་རེད།

        འགོ་ཚུགས་མཛད་སྒོར་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་བོད་ཀྱི་ཤོག་བྱ་བཟོ་རྩལ་དང་། སྙེ་མོའི་སྤོས། ཐང་ག འབག་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གདན་དྲངས་ནས་འགྲེམས་གནས་བཙུགས་པ་དང་འབྲེལ། འགྲོ་འོང་བྱེད་མཁན་གྲོང་མིར་སྲོལ་རྒྱུན་གྱི་ལག་རྩལ་དང་རིག་གནས་གསར་གཏོད་ཀྱི་ཐོན་རྫས་སོགས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།