དབུ་ཤོག>བོད་ཀྱི་རིག་གནས།
  • གཏིང་སྐྱེས་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-28

     ཉེ་ཆར་གཏིང་སྐྱེས་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་ལས་དོན་པ་སྒྲིག་འཛུགས་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟག་ཞིབ་བྱས་པ་རེད།

    བརྟག་ཞིབ་བྱེད་རིང་། ལས་དོན་པས་གཏིང་སྐྱེས་རྫོང་གི་ཤང་དང་གྲོང་རྡལ་10དང་། དགོན་སྡེ་5 གྲོང་ཚོ་15བཅས་ལ་སྔ་རྗེས་སུ་བསྐྱོད་དེ་དུས་ཡུན་ཉིན་30ཡི་རིང་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལ་བརྟག་ཞིབ་དང་བསྡུ་རུབ་ཀྱི་ལས་དོན་ལེགས་གྲུབ་བྱས་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་ཐོན་ཁུངས་ཀྱི་རྣམ་གྲངས་7གསར་དུ་རྙེད་པར་རིམ་རྩིས་བྱས་ན་པར་རིས་500དང་། བརྙན་ཐུང་112GBབླངས་ནས་ཕྱིས་འབྱུང་གཏིང་སྐྱེས་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་བར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བརྟག་ཞིབ་ལས་དོན་སྤེལ་རིང་། གཏིང་སྐྱེས་རྫོང་གི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འཚོལ་བསྡུ་བྱེད་པ་དམིགས་ཡུལ་དུ་བཟུང་ནས་གཙོ་བོར་སྲོལ་རྒྱུན་དམངས་སྲོལ་དང་། གྱོན་ཆས། ཞབས་བྲོ། ལག་རྩལ། སྲོལ་རྒྱུན་ལུས་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་སྣ་ཚོགས་དང་འབྲེལ་ཞིང་། ལས་དོན་པས་རྒྱུན་འཛིན་པ་དང་དེའི་ཚོགས་པར་ངོ་ཐུག་གདོང་འཕྲད་ཀྱིས་གླེང་མོལ་དང་། ཐོ་འགོད། པར་ལེན་བཅས་བྱས་ནས་མ་དཔེ་དངོས་ལ་ལྟ་བ་དང་། ཐོག་མའི་རྣམ་པར་ཞིབ་བཤེར། གདོད་མའི་རྣམ་པ་པར་དུ་བླངས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་ཁག་གི་ལོ་རྒྱུས་བྱུང་ཚུལ་དང་། དགེ་ཕྲུག་ལ་བརྒྱུད་སྤེལ་གྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། རྣམ་གྲངས་ཀྱི་པར་རིས་དང་། བརྙན་ཐུང་། དངོས་རྫས་ཀྱི་གནས་ཚུལ་བཅས་ཀྱི་རྒྱུ་ཆར་པར་ལེན་ཐོ་འགོད་བྱས་ནས་གདོད་མའི་རྣམ་པ་སླར་གསོ་དང་ཐོག་མའི་རྣམ་པ་ཐོ་འགོད་གང་ཐུབ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།