དབུ་ཤོག>བོད་ཀྱི་རིག་གནས།
  • རང་ལྗོངས་ཀྱི་ཆོས་ལུགས་སྡེ་ཚན་གྱིས་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-24

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་ཆེད། ཟླ་4ཚེས་21ཉིན་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ཆོས་ལུགས་ལས་དོན་ཅུས་དང་། ཁྲེང་ཀོན་ཆུས་ཆོས་ལུགས་ལས་དོན་ཅུས། གནས་སྒོ་གདོང་དགོན་དང་ཕུར་ལྕོག་དགོན་དོ་དམ་ཨུ་ལྷན་བཅས་ཀྱི་ལས་བྱེད་པ་དང་གྲྭ་བཙུན་གྱི་འཐུས་མི་ཁྱོན་བསྡོམས་50དང་མཉམ་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེའི་ཕུ་རུ་འོས་འགན་ཤིང་འཛུགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    ཤིང་འཛུགས་བྱེད་སྒོ་མཇུག་འགྲིལ་རྗེས། རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ཅུས་ཀྱི་རུ་སྣེ་འཁྲིད་མཁན་ལས་བྱེད་པས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པས། དེ་གར་ཡོད་པའི་ལས་བྱེད་པ་དང་གྲྭ་བཙུན་ཚོར་བློ་འབྱེད་ཟབ་མོ་བྱུང་ཞིང་། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལྷག་བསམ་ཟོལ་མེད་ངང་ལག་ལེན་བསྟར་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་རང་རྟོགས་ངང་བོད་ཀྱི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོང་བྱ་གཞག་གི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ། གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་པར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།