དབུ་ཤོག>བོད་ཀྱི་རིག་གནས།
  • བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་ལ་དམིགས་ནས་ཨུ་ཡོན་གྱི་བརྟག་ཞིབ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-21

    ཉེ་ཆར། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་ལྗོངས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་དེ་བཞིན་རིག་གནས་སྒྱུ་རྩལ་ལས་རིགས་དང་། གསར་འགྱུར་དཔེ་སྐྲུན། སྤྱི་ཚོགས་ཚན་རིག་ལས་རིགས་བཅས་ཀྱི་ཨུ་ཡོན་གྱི་སྣེ་ཁྲིད་དེ་བོད་ཀྱི་ཐང་གའི་སྒྱུ་རྩལ་གླིང་དུ་ཕེབས་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་ལ་དམིགས་ཏེ་ཨུ་ཡོན་གྱི་བརྟག་ཞིབ་བྱེད་སྒོ་སྤེལ་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་སྒྱུ་རྩལ་གླིང་གི་ཐང་ག་འགྲེམས་སྟོན་དང་སློབ་ཁྲིད་གཞུང་དོན་ཁང་སོགས་སུ་ལྟ་སྐོར་ནན་ཏན་བྱས་པ་དང་། སྒྱུ་རྩལ་གླིང་གི་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས“‘ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག’གི་བླང་བྱ་རིག་གནས་ཁྱབ་ཁོངས་སུ་ནུས་ལྡན་ངང་དོན་འཁྱོལ་བྱེད་དགོས”ཞེས་པའི་བཞུགས་མོལ་སྤེལ་རེས་གནང་བ་རེད། བརྟག་ཞིབ་ཚོགས་ཆུང་གིས། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ཐང་གའི་སྒྱུ་རྩལ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མཆོག་ནོར་ཞིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཐང་གའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།