དབུ་ཤོག>བོད་ཀྱི་རིག་གནས།
  • གཏམ་དཔེ་བདམས་བཏུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-19

    ※ ར་དགའ་ས་རྫ་རི་དང་།

    ལུག་དགའ་ས་སྤང་རི།

    ※ དགེ་བཤེས་སེ་རར་བཞུགས་ཀྱང་།

    ཨམ་ཅོག་ལྷ་སར་བཞག་ཡོད།

    ※ སྐྱེ་ཐེངས་གཅིག་ལ་འཆི་ཐེངས་གཉིས།

    ※ སྟེང་ནས་བྱ་ཕོའི་བྱ་སྐད་མེད་པར།

    འོག་ནས་བོང་བུའི་ནམ་ཚོད།

    ※ ཉི་མ་ལ་རྒྱབ་གཏད།

    རང་ཡུལ་ལ་ངོ་ལོག

    ※ བརྒྱ་ཁ་གཅིག་གཅོད།

    ※ ཇོ་བོར་གསེར་ཆབ་སྒྲོན་དུས་ང་ཡོད་ཁོ་ཡོད།

    ལྷ་ཁང་དྲི་མས་རྒྱོང་དུས་ང་མིན་ཁོ་མིན།

    ※ རྟ་ཕོ་ཆག་གིས་གསོས།

    དྲིན་ལན་རྡོག་པས་འཇལ།

    ※ བཀོལ་མི་ཤེས་ཡོན་ཏན་ཕན་མེད་རེད།

    འདེབས་མི་ཤེས་ས་ཞིང་སྟོང་པ་རེད།

    ※ བྱ་མ་འདྲོགས་སྒོ་ང་ལེན་ཐབས་དང་།

    ཉ་མ་འདྲོགས་ཆུ་མོ་ལེན་ཐབས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།