དབུ་ཤོག>བོད་ཀྱི་རིག་གནས།
  • ངལ་རྩོལ་གླུ་གཞས་ཡིད་ཀྱི་གསོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-19

    ཐགས་འཐག་པའི་གླུ།

    གཡས་སེ་དེ་ན་རྟ་མགོའི་རྒྱག་ཕྱོགས་གཅིག་གཉིས་གསུམ། །

    གཡོན་སེ་དེ་ན་སྒྲོན་བུའི་གཡུག་ཕྱོགས་བཞི་ལྔ་དྲུག །

    སྟེང་སེ་དེ་ན་འཁོར་ལོའི་འཁྱིལ་ཕྱོགས་གཅིག་གཉིས་གསུམ། །

    འོག་སེ་དེ་ན་རྐང་བཏབ་མནན་ཕྱོགས་བཞི་ལྔ་དྲུག །

    གཡས་སེ་དེ་ན་སྲིང་བའི་གཞོག་ཕྱོགས་གཅིག་གཉིས་གསུམ། །

    གཡོན་སེ་དེ་ན་རྣམ་བུའི་གློད་ཕྱོགས་བཞི་ལྔ་དྲུག །

    ཁང་དམར་རྫོང་གི་ཨར་གཞས།

    ཨར་ཁ་ས་ཡང་མ་རེད། །

    ཨར་ཁ་རྡོ་ཡང་མ་རེད། །

    ཨར་ཁ་རྡོ་རྗེ་བྲག་གི །

    ནོར་བུའི་རིགས་ཤིག་ཡིན་ནོ། །

    ཨར་ཁ་ཐོག་ཁར་བཏིང་ན། །

    དྲག་ཆར་རླུང་ལ་མི་སྐྲག །

    ཨར་ཁ་ནང་ལ་བཏིང་ན། །

    གཟིམ་ཆུང་འོད་ཀྱིས་ཁེངས་ཡོང་། །

    ཨར་ཁ་ཁ་མདོག་མཚར་ལ། །

    ཞལ་དཔོན་མཛེས་སྡུག་ལྡན་པ། །

    བཙས་གཞས།

    གཡས་པས་གཡོན་མ་མ་བྲེག །

    ཟོར་བ་ཚེས་བརྒྱད་ཟླ་བ། །

    གཡོན་མས་ཨ་རྙོག་མ་གློད། །

    མཛུབ་རྒྱན་དམ་པའི་བཀའ་དྲིན། །

    ཞིང་ཆུང་འདི་ལ་གནས་པའི། །

    ཀླུ་མོ་ནོར་ལྷ་གཡང་སྐྱབས། །

    ཀླུ་མོ་འདི་རུ་མ་བཞུགས། །

    བཀྲ་ཤིས་གཡུལ་ཁར་ཕེབས་དང་། །

    བཙས་མ་རྒོད་པོ་མེད་ཀྱང་། །

    བཙས་རུ་ངར་པོ་བྱེད་ཤོག །

    བཙས་རུ་ངར་པོ་མེད་ན། །

    སྒོ་མོ་རང་ལོག་བཏང་ཆོག །

    ཁ་མཆུ་པད་མ་འདབ་བརྒྱད། །

    གཞས་ཀྱི་སྒོ་མོ་ཕྱེ་དང་། །

    མིད་པ་བྱང་ཆུབ་ལྗོན་ཤིང་། །

    ཚིག་ལ་ནོར་འཁྲུལ་མ་གཏོང་། །

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།