དབུ་ཤོག>བོད་ཀྱི་རིག་གནས།
  • འཛམ་གླིང་ཡང་རྩེའི་སྟེང་གི་འོད་སྟོང་འཕྲོ་བའི་གར་སྟེགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-25

    4261427_yis_1676649600000_s.jpg

    དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་བཞིན་པ།

    4261429_yis_1676649600000_s.jpg

    དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱ་ཡུལ་དངོས།

    4261431_yis_1676649600000_s.jpg

    འཁྲབ་སྟོན་པས་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིངཀོང་ཇོ》ནང་སྦྱོང་བྱེད་བཞིན་པ།

    4261425_yis_1676649600000_s.jpg

    ཡུལ་སྐོར་བས《འུན་ཤིང་ཀོང་ཇོའི》རིག་གནས་བསམ་བཀོད་ཐོན་རྫས་ཉོ་བཞིན་པ།

    4261433_yis_1676649600000_s.jpg

    འཁྲབ་སྟོན་པས་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ནང་སྦྱོང་བྱེད་བཞིན་པ།

    4261423_yis_1676649600000_s.jpg

     དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱ་ཡུལ་ཚེ་མཆོག་གླིང་གི་མཛེས་ལྗོངས།

    བོད་ཀྱི་རིག་གནས་དང་ཡུལ་སྐོར་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་པའི་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》2013ལོའི་ཟླ་8པ་ནས་འཁྲབ་སྟོན་བྱས་ཚུན། རིམ་རྩིས་བྱས་ན་འཁྲབ་སྟོན་ཐེངས་1500ལྷག་ཙམ་ཟིན་པ་དང་འཁྲབ་སྟོན་དང་ཡུལ་སྐོར་གཉིས་ལས་རིམ་རྩིས་བྱས་ན་ལྟད་མོ་བ་མི་ཐེངས་ཁྲི་300ལྷག་ཙམ་ཟིན་ཡོད། 2021ལོའི་འཁྲབ་སྟོན་དུས་ཚིགས་དགུ་པར《འུན་ཤིང་ཀོང་ཇོ》ཟློས་གར་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ། གཉེར་སྐྱོང་རྒྱུན་ཆད་མེད་པར་ལེགས་སུ་དང་སྤུས་ཚད་མཐོ་རུ་བཏང་ནས་ལྟད་མོ་བ་ཚོར་རྒྱ་བོད་འཆམ་མཐུན་གྱི་ས་མཐོའི་སྟོན་མོ་གཟབ་རྒྱས་ཤིག་བཤམས།

    2021ལོའི་དུས་ཚིགས་དགུ་པའི་འཁྲབ་སྟོན་ཁྲོད《འུན་ཤིང་ཀོང་ཇོའི》གློག་འོད་དང་། གར་སྟེགས། འཁྲབ་ཚན་སྒྲིག་བཟོ་སོགས་ཚང་མར་ལེགས་སྒྱུར་རིམ་སྤོར་བྱས་པ་དང་། འཁྲབ་སྟོན་པའི་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་བྱས་པས། སྒྱུ་རྩལ་གྱི་མཚོན་ནུས་དང་ཡིད་དབང་འཕྲོག་ཤུགས་སྔར་བས་ཆེ་རུ་ཕྱིན་ནས་ལྟད་མོ་བའི་ཡིད་དབང་འཕྲོག

    མཇུག་མཐའི་རོལ་དབྱངས་གྲགས་སྐབས་དང་། གཟིགས་སྟེགས་སྟེང་གི་ལྟད་མོ་བ་4000ཙམ་གྱི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་བུམ་པ་རིའི་གསེབ་ཏུ་གྲགས་སྐབས། འཁྲབ་སྟོན་པ་800ལྷག་ཙམ་གྱིས་ཆར་རླུང་དྲག་པོའི་ཁྲོད་འཁྲབ་སྟོན་མཇུག་འགྲིལ་སྐབས། འུན་ཤིང་ཀོང་ཇོས་དཀའ་བ་ཚད་མེད་མྱངས་ནས་སྲོང་བཙན་སྒམ་པོ་དང་ལྷན་དུ་བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལའི་འདབས་སུ་མི་ཁྲི་ཡི་གུས་ཕྱག་དང་ལེན་གནང་སྐབས་བཅས་ལས། ལོ་རྒྱུས་སྟེང་གི་འུན་ཤིང་ཀོང་ཇོའི་མཐུན་སྦྱོར་གཉེན་སྒྲིག་གི་ལོ་རྒྱུས་འཕེལ་རིམ་མངོན་ཡོད་ལ། འཁྲབ་སྟོན་པ་ཚོས་རིག་གནས་སྒྱུ་རྩལ་ལ་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་དད་སེམས་བརྟན་པོ་ཡང་མཚོན་ཡོད།

    དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》གཉེར་སྐྱོང་དང་སྤུས་ཚད་ཐད་འབད་བརྩོན་ཧུར་ཐག་བྱས་པས། འཁྲབ་སྟོན་འདི་ལྟ་མཁན་ལྟད་མོ་བ་ཚོའི་སྤྲོ་སེམས་སྔར་བས་འཕེལ་ཡོད། དབྱར་གསེང་གི་གཟའ་འཁོར་ཁ་ཤས་བསྟུད་མར་ལྟད་མོ་བས་ཁེངས་ནས་སྤ་སེ་གཅིག་ཀྱང་རག་དཀའ་བས། མཐར་རྐུབ་བཀྱག་600མང་དུ་བཏང་སྟེ། ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་ཚོའི《འུན་ཤིང་ཀོང་ཇོ》ལྟ་འདོད་ཀྱི་རེ་བ་ཆུད་ཟོས་སུ་བཏང་མེད། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》སྐད་གྲགས་ཆོད་དེ་ཚེ་མཆོག་གླིང་ཁུལ་གྱི་ཡུལ་སྐོར་སླར་གསོ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། ས་སྲོས་སུ་ཟློས་གར་ཁང་གི་འདབས་སུ་གནས་པའི་ཚེ་མཆོག་གླིང་གི་ཡུལ་ལྗོངས་ཁུལ་དུ་མི་ཚོགས་ཀྱི་རྒྱུན་ཆད་རྒྱུ་མེད།

    གླེང་འོས་པ་ཞིག་ལ། རིམས་ནད་ཀྱི་ཤུགས་རྐྱེན་ངན་པར་ཁ་གཏད་ཧུར་ཐག་གཅོག་ཆེད། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》“དྲ་ཐོག་འཁྲབ་སྟོན”ཚོད་ལྟ་བྱས་ནས། “ཕྱིར་དོན་མི་དགོས་པར་དྲ་བ་ནས་འུན་ཤིང་ཀོང་ཇོ་བལྟ་བ”ཞེས་པའི་བརྗོད་དོན་གཙོ་བོ་དྲ་ཐོག་བྱེད་སྒོ་སྤེལ་བས། ལས་སྟེགས་ཁག་ཏུ་ཁྱོན་ལྟད་མོ་བ་མི་ཐེངས་ཁྲི་བཅུ་ཕྲག་ཁ་ཤས་ལས་བརྒལ་ཏེ། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དང་དམངས་སྲོལ་རིག་གནས་རྒྱུན་འཛིན་དང་ཁྱབ་གདལ་གཏོང་རྒྱུར་རམ་འདེགས་ནུས་ལྡན་བྱས་ཡོད།

    《འུན་ཤིང་ཀོང་ཇོ》ཟློས་གར་ཁང་གི་ལས་དོན་མི་སྣ་ལིའུ་པིང་ཙུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འཁྲབ་སྟོན་འགོ་ཚུགས་ཚུན་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཡིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། འཁྲབ་སྟོན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོར་ཕན་པ་ཐོབ་པར་བྱས་ཡོད། ལེ་ཚན་ནང་གླིང་ཁུལ་གྱིས་ཟློས་གར་གྱི་ངོ་མཚར་ཆེ་བའི་འཁྲབ་སྟོན་ལྟེ་བའི་སྒུལ་ཤུགས་སུ་བྱེད་པ་དང་། བོད་ཀྱི་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་གསར་གཏོད་བྱ་རྒྱུ་ལས་འགན་དང་འགན་འཁྲིར་བརྩིས་ཏེ། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་སྒུལ་གཅིག་སྡུད་བརྒྱུད། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། ས་གནས་དེ་གའི་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཏེ། རྒྱ་བོད་འཆམ་མཐུན་དང་། མི་རིགས་མཐུན་སྒྲིལ། ཐུན་མོང་འབྱོར་ཕྱུག་བཅས་ཀྱི་མི་སེམས་འགུལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཕྱོགས་ཡོངས་ནས་མཚོན་པར་བྱས་ཡོད། ལོ་མང་རིང་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཡིས་ཚགས་ཚུད་པའི་ཁྲོམ་ར་ཅན་གཉེར་སྐྱོང་དང་ཞིབ་ཚགས་པའི་ཐོན་ལས་ཅན་གྱི་བཀོད་པ་བརྒྱུད། “རིག་གནས་དང་ཡུལ་སྐོར་འཁྲབ་རྩལ”ལྟེ་བར་བྱེད་པ་དང་། “གསར་གཏོད་དང་བསམ་བཀོད”སྒུལ་ཤུགས་སུ་བྱེད་པའི་རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་འཁོར་སྦྲེལ་རིམ་གྱིས་ཆགས་ཡོད། “ཐོན་ལས་ལ་བརྟེན་ནས་གྲོང་ཚོར་སྐུལ་ཁྲིད”ཀྱི་བྱེད་ཐབས་བརྒྱུད། ཐོན་ལས་ཕྱོགས་སྒྱུར་ཁྲོད་དབུལ་སྒྲོལ་འབབ་འཕར་བྱུང་ནས་གྲོང་གསེབ་དར་རྒྱས་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། མཚན་མོའི་དཔལ་འབྱོར་འཛད་སྤྱོད་ཁྲོད་ཀྱི་དཔེ་མཚོན་གྲུབ་འབྲས་དང་ཁྲིད་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལས། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ལྟེ་བར་བྱེད་པའི“འུན་ཤིང་ཀོང་ཇོའི་བོད་ཀྱི་རིག་གནས་ཡུལ་ལྗོངས་གླིང་གི་མཛེས་ལྗོངས་ཁུལ”2021ལོའི་ཟླ་10པར་རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་གཅིག་སྡུད་ཁུལ་ཁག་དང་པོར་བདམས་ཡོད།

    བོད་གསར་པའི་རྣམ་པ་མངོན་པར་བྱེད་པའི་རིག་གནས་ཀྱི་སྐར་ཁུང་གལ་ཆེན་ཞིག་ཡིན་པའི་ཆ་ནས། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ནི་མི་རིགས་མཐུན་སྒྲིལ་ཆེན་མོ་དང་རིག་གནས་དར་འཕེལ་ཆེན་མོའི་བསམ་བློའི་ཁྲིད་སྟོན་འོག བོད་ཀྱི་ལོ་རྒྱུས་རིག་གནས་ནང་དོན་དུ་བྱེད་པ་དང་། འུན་ཤིང་ཀོང་ཇོ་སྲོང་བཙན་སྒམ་པོའི་བཙུན་མོར་ཕེབས་པ་བརྗོད་དོན་གཙོ་བོར་བྱེད་པ། རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་དང་དཔལ་འབྱོར་སྤྱི་ཚོགས་བཅས་ཕན་ཚུན་སྤེལ་རེས་ལ་སྐུལ་འདེད་བཏང་བའི་གཏམ་རྒྱུད་གཙོ་རྐང་དུ་བྱས་ཐོག་ཆུ་ཚད་མཐོ་བའི་རིག་གནས་རྣམ་འབྱེད་ལ་བརྟེན་ནས། རྒྱ་བོད་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་ལ་སྔར་བས་སྐུལ་འདེད་བཏང་བ་ཞིག་ཡིན་པས། དེ་བོད་དང་ལྷ་སའི་ཡུལ་སྐོར་གྱི་མིང་བྱང་ཡག་པོ་ཞིག་ཏུ་གྱུར་ཡོད།

    འབྱུང་འགྱུར། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོའི》འཁྲབ་སྟོན་གྱི་སྤུས་ཚད་སྔར་བས་ལེགས་སུ་གཏོང་རྒྱུ་དང་ཆབས་ཅིག དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བ་སྦྲེལ་མཐུད་ནུས་ལྡན་བྱེད་པར་ནུས་ཤུགས་ཡོད་རྒུས་རམ་འདེགས་དང་ས་ཁོངས་དཔལ་འབྱོར་སྔར་བས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། བོད་དང་ལྷ་སའི་མི་རིགས་མཐུན་སྒྲིལ་བྱ་གཞག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་འཆམ་མཐུན་གྱི་སྟོབས་ཤུགས་གསར་པ་ལེགས་སྐྱེས་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།