ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག
ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་ཁག་དྲུག་པའི་མིང་གཞུང་ཡོངས་བསྒྲགས་བྱས་ཤིང་། ལྷ་སའི་རྣམ་གྲངས་39གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་ཁག་དྲུག་པར་བདམས་ཡོད། མིག་སྔའི་བར། ལྷ་ས་གྲོང་ཁྱེར་ལ་རྫོང་རིམ་པ་ཡན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་206ཡོད།
འདི་ནི་མལ་གྲོ་གུང་དཀར་རྫོང་གི་སྣམ་ཞྭའི་སྲོལ་རྒྱུན་ཁབ་བཙེམ་ལས་སྣོན་ཆེད་ལས་མཉམ་ལས་ཁང་གི་ལས་མིས་འབྲི་གུང་སྣམ་ཞྭ(ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་ཁག་དྲུག་པའི་གྲས་ཤིག་ཡིན)འཚེམ་བཞིན་པ།
འདི་ནི་ས་གནས་དེ་གའི་བུད་མེད་ཅིག་གིས་མལ་གྲོ་གུང་དཀར་རྫོང་གི་འབྲི་གུང་སྣམ་ཞྭ་གྱོན་ཡོད་པ།