དབུ་ཤོག>བོད་ཀྱི་རིག་གནས།
  • མངོན་མིན་རིག་གནས་ཤུལ་བཞག་སྐོར་གླེང་བའི་དྲིལ་བསྒྲཌ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-11

     མང་ཚོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་ཆེད། ཉེ་ཆར་མལ་གྲོ་གུང་དཀར་རྫོང་གིས་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་དུ་2023ལོའི“མངོན་མིན་རིག་གནས་ཤུལ་བཞག+”གི་བྱེད་སྒོ་སྤེལ་བ་དང“མངོན་མིན་རིག་གནས་ཤུལ་བཞག་པས་མངོན་མིན་རིག་གནས་ཤུལ་བཞག་སྐོར་གླེང་བའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོར་ལག་རྩལ་དང་། སྲོལ་རྒྱུན་ཞབས་བྲོ། མཛེས་རྩལ། དམངས་ཁྲོད་རྩོམ་རིག་སོགས་རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་མཚོན་བྱེད་རང་བཞིན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་རྣམ་གྲངས་ཁག་40ལྷག་ཙམ་བརྒྱུད། ཕྱོགས་མང་བ་དང་ཟུར་ཚད་མང་བའི་སྒོ་ནས་མལ་གྲོ་གུང་དཀར་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་མངོན་པར་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མལ་གྲོ་གུང་དཀར་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་55རེ་ཞུ་ཟིན་པ་དང་། དེའི་ཁྲོད་རྒྱལ་ཁབ་རིམ་པ་ཁག་6དང་། རང་སྐྱོང་ལྗོངས་རིམ་པ་ཁག་3 གྲོང་ཁྱེར་རིམ་པ་ཁག་20 རྫོང་རིམ་པ་ཁག་26བཅས་ཡོད་པ་དེར་སྲོལ་རྒྱུན་ཟློས་གར་དང་། སྲོལ་རྒྱུན་ལག་རྩལ། སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་རོལ་དབྱངས་སོགས་ཚུད་ཡོད། ད་ལྟ་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་77ཡོད་པ་དང་། དེའི་ནང་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་5དང་། རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་8 གྲོང་ཁྱེར་རིམ་པའི་རྒྱུན་འཛིན་པ་9 རྫོང་རིམ་པའི་རྒྱུན་འཛིན་པ་55བཅས་ཡོད་པ་དེ་དག་ལས་ཚད་ལྡན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་གཞུང་གི་མ་ལག་སྤྱིར་ན་གྲུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།