དབུ་ཤོག>བོད་ཀྱི་རིག་གནས།
  • རྒྱལ་གཅེས་ཆོས་གཅེས་དང་དད་སྦྱོར་ཡང་དག་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2023-02-07

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་བརྟེན་ནས་རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་དང་དུས་རབས་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་ལ་ཁྲིད་སྟོན་བྱས་ནས་ལྗོངས་ཡོངས་སུ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད་པ་རེད།

    བོད་བརྒྱུད་ནང་བསྟན་གྱི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    “བཀྲ་ཤིས་ལྷུན་པོ་དགོན་གྱི་སྲོལ་རྒྱུན་ཆོས་ལུགས་བྱེད་སྒོ་ཁག་ད་བར་རྒྱུན་འཁྱོངས་བྱས་ནས་ཡུལ་དེ་གའི་དད་ལྡན་མང་ཚོགས་ཚོའི་དད་མོས་ཀྱི་དགོས་མཁོ་བསྐངས་ཡོད། ཏང་གི་ཡང་དག་པའི་འགོ་ཁྲིད་འོག་ད་ཆ་དགོན་སྡེའི་བསྟན་དོན་ལམ་ལྷོངས་བྱུང་ཡོད། དུས་རབས་འདིར་ང་ཚོ་སེམས་གཏིང་ནས་སྤོབས་པ་སྐྱེ་གི་འདུག”ཅེས་བཀྲ་ཤིས་ལྷུན་པོ་དགོན་སྡེའི་ཉེ་འགྲམ་གྱི་གྲོང་མི་ཉི་མས་བརྗོད།

    ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་གཏན་འགོག སིམ་འཛུལ་བཀག་འགོག ཁྲིམས་འགལ་ལ་རྡུང་རྡེག”བཅས་ཀྱི་རྩ་དོན་མཐའ་འཁྱོངས་དང་། མང་ཚོགས་ཀྱི་ཆོས་ལུགས་དད་མོས་ལ་བརྩི་འཇོག རང་ཚུགས་དང་། རང་བརྟེན། རང་གཉེར་གསུམ་གྱི་རྩ་དོན་མཐའ་འཁྱོངས། ཁྲིམས་ལྟར་ཆོས་ལུཌ་ཀྱི་ལས་དོན་ལ་དོ་དམ་བཅས་བྱས་ནས་ཆོས་ལུགས་བྱེད་སྒོ་འཆམ་མཐུན་དང་གོ་རིམ་ལྡན་པའི་འགན་ལེན་བྱས་ཡོད་པ་རེད།

    དགོན་སྡེ་ཁག་གི་སྐྱེས་ཆེན་དམ་པ་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་དང་། རང་འགུལ་ངང་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་པ། དད་ལྡན་མང་ཚོགས་ཀྱི་དད་སྦྱོར་ཡང་དག་ལ་ཁྲིད་སྟོན། གོམས་སྲོལ་སྒྱུར་བ་དར་སྤེལ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་གསུང་རབ་བསྟན་དོན་དང་འདུལ་ཁྲིམས་གསལ་འགྲེལ་ལ་ཁྱབ་པ། སྲིད་ཇུས་དང་གཏན་འབེབས་དྲིལ་བསྒྲགས་དང་། ཁྲིམས་སྐྱོང་དང་ལོ་རྒྱུས་འཆད་ཁྲིད། གསུང་རབ་བསྟན་དོན་དང་སྡོམ་ཁྲིམས་དགོངས་འགྲེལ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཡོད་པ་རེད།

    སློབ་གསོ་དང་དོ་དམ་ཞབས་འདེགས་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    ལྷ་སའི་འབྲས་སྤུངས་དགོན་པས་དགེ་འདུན་པའི་སྡོད་གནས་ཁ་ཐོར་གྱི་དོན་དངོས་ལ་དམིགས་ཏེ། དྲིལ་བསྒྲགས་སློབ་གསོ་ཚོགས་ཆུང་11བཙུགས་པ་དང་། དྲིལ་བསྒྲགས་སློབ་གསོ་ཚོགས་ཆུང་རེར་ཉུང་མཐར་ཡང་དགོན་སྡེ་དོ་དམ་ལས་བྱེད་པ་2རེ་བཀོད་སྒྲིག་བྱས་པ་དེས་རྒྱུན་གཏན་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་འགན་འཁུར་གྱི་ཡོད་པ་རེད།

    དགེ་འདུན་པ་ཐུབ་བསྟན་བསྟན་འཛིན་ནི་དྲིལ་བསྒྲགས་སློབ་གསོ་ཚོགས་ཆུང་11གི་ཁོངས་མི་ཞིག་ཡིན་ཞིང་། ཐུབ་བསྟན་བསྟན་འཛིན་གྱིས“སྐབས་རེ་གཅིག་སྡུད་སློབ་སྦྱོང་ལ་ཞུགས་མ་ཐུབ་ཚེ། དགོན་སྡེའི་དོ་དམ་ལས་བྱེད་པ་གྲྭ་ཤག་དང་། སྒོ་ར། མཆོད་ཁང་སོགས་སུ་ཡོང་ནས་ང་ཚོར་དྲིལ་བསྒྲགས་དང་སྒྲོག་འགྲེལ་སློབ་གསོ་སྤེལ་གྱི་ཡོད”ཅེས་བརྗོད་པ་དང་། ཁོང་གིས“སྒྲོག་འགྲེལ་གྱི་ནང་དོན་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སོགས་ཚུད་ཡོད”ཅེས་བརྗོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་ས་གནས་ཁག་གི་དགོན་སྡེས“ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས། གཙོ་གནད་ལ་དམིགས་པ་དང་འགག་རྩར་དམ་འཛིན་བྱས་ཏེ་གྲྭ་བཙུན་ལ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་གྱིས“ཚད་གཞི་བཞིར”སྐུལ་འདེད་གཏོང་བའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད་པ་རེད།

    དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་པ།

    “སྨན་བཅོས་འགན་བཅོལ་ཡོད་པས་སྨན་པ་བསྟེན་མ་ཐུབ་པའི་སེམས་ཁྲལ་མི་འདུག”ཅེས་ལྷ་ས་སེ་ར་དགོན་པའི་དགེ་འདུན་པ་དབང་འདུས་ཀྱིས་བརྗོད་པ་དང་། སྨན་བཅོས་བྱས་མ་ཐག་པའི་རང་གི་པུས་མོར་མཛུབ་མོ་འཛུགས་བཞིན“འདི་ནི་སྲིད་ཇུས་བཟང་པོའི་བཀའ་དྲིན་རེད”ཅེས་བརྗོད།

    དབང་འདུས་ལ་ཕན་པ་ཐོབ་པའི“སྨན་བཅོས་འགན་བཅོལ”དོན་དངོས་ཐོག་ལྗོངས་ཡོངས་ཀྱི་གྲྭ་བཙུན་གྱི“ཐུན་མོང་གི་ཕན་བདེ”ཞིག་རེད། 2012ལོའི་ཟླ་དང་པོ་ནས་བཟུང་། 《དགོན་སྡེའི་གྲྭ་བཙུན་སྤྱི་ཚོགས་འགན་བཅོལ་ལ་ཞུགས་པའི་བོད་རང་སྐྱོང་ལྗོངས་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས》དངོས་སུ་ལག་བསྟར་བྱས་ནས་ལྗོངས་ཡོངས་ཀྱི་གྲྭ་བཙུན་ལ་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བ་འགན་སྲུང་བཅས་ཁྱོན་ཡོངས་ལ་ཁྱབ་ཡོད།

    ན་དུས་སྨན་བཅོས་ཐུབ་པ་དང་རྒས་དུས་གསོ་མཁན་ཡོད་པ་ཕུད། ལྗོངས་ཡོངས་ཀྱི་དགོན་སྡེའི་གྲྭ་བཙུན་གྱི་སྒོམ་སྒྲུབ་ཁོར་ཡུག་ཀྱང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ན་ནིང་འབྲས་སྤུངས་དགོན་པའི་དགེ་འདུན་པ་ངག་དབང་ཆོས་འབྱོར་སེམས་སྐྱིད་ཤོས་བྱུང་བའི་དོན་དག་ནི་གྲྭ་ཤག་གི་གློག་སྐུད་རིམ་སྤོར་སྒྱུར་བཀོད་བྱས་པ་དེ་ཡིན་ཞིང་། ཁོང་གིས“ང་སྡོད་སའི་གྲྭ་ཤག་གི་གློག་སྐུད་རྙིང་པ་ཆགས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་སླ་པོ་འདུག ད་ཐེངས་སྲིད་གཞུང་གིས་ང་ཚོའི་སྒོ་ར་40ལྷག་ཙམ་དང་གྲྭ་ཤག་600ལྷག་ཙམ་གྱི་གློག་སྐུད་རྙིང་པའི་གནད་དོན་ཐག་གཅོད་བྱས་སོང་བས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ”ཞེས་བརྗོད།

    ད་ཆ་ཏང་གི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་བཟང་པོའི་འོག་རྒྱ་ཆེའི་དགེ་འདུན་པ་ཚོས་དྲིན་ཚོར་བསམ་པ་འཆང་བ་དང་དེང་སྐབས་ལ་གཅེས་སྤྲས་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།