དབུ་ཤོག>བོད་ཀྱི་རིག་གནས།
  • ཁྱེད་ཀྱིས་བོད་ཚོན་སྐད་གྲགས་ཆོད་པའི་རྒྱུ་མཚན་ཤེས་སམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-02-01

    微信图片_20230201102241.jpg

    བོད་རིགས་ཀྱི་ཐང་ག་དང་། ལྡེབས་རིས། རྩ་ཆེའི་རི་མོ་སོགས་ལོ་ངོ་སྟོང་ཕྲག་སོང་རུང་ཚོན་མདངས་ཇེ་ལེགས་སུ་འགྲོ་བ་ལས་ཚོན་མདངས་ཉམས་ཀྱི་མེད་སྟབས་འཛམ་གླིང་ཧྲིལ་པོས་དོ་སྣང་དང་ཡིད་སྨོན་བྱ་ཡུལ་དུ་གྱུར་ཡོད་པ་རེད། དེ་ནི་བོད་ལྗོངས་ས་མཐོར་གཏེར་རྒྱུ་དང་སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། དེ་དག་ཞུ་འདུལ་བྱེད་པའི་ལག་རྩལ་ཡང་ཆ་ལག་ཚང་པོ་ཡོད་པས་ཡིན་ལ། ལག་རྩལ་དང་རིག་གཞུང་གཉིས་ཀའི་མ་ལག་ཀྱང་ལྡན་པས་བོད་ཚོན་ཞེས་པའི་སྒྱུ་རྩལ་གྱི་རྣམ་གྲངས་ཆེན་པོ་དེ་གྲུབ་ཡོད།

    微信图片_20230201102306.jpg

    བོད་ཀྱི་ལོ་རྒྱུས་ཡིག་རིགས་ལ་གཞིགས་ན། བོད་དུ་ཚོན་བཟོའི་ལག་རྩལ་ནི་སྤྱི་ལོའི་སྔོན་གྱི་ལོ་ཉིས་བརྒྱའི་སྔོན་ནས་དར་ཡོད་པ་གསལ་བཤད་བྱུང་བ་དང་ཁ་མདོག་གི་རིག་པའི་ཐད་རྩ་བ་དང་ཡན་ལག་གི་ཁ་མདོག་དབྱེ་ཚུལ་གྱི་རིག་གཞུང་ཕུན་སུམ་ཚོགས་པ་མ་ཟད། ཚོན་མདངས་ཡན་ལག་སོ་གཉིས་ཞེས་པའང་གྲུབ་ཡོད། ཚོན་གྱི་རྒྱུ་ཆ་ཚང་མ་ས་གནས་རང་ནས་ཐོན་པའི་རང་བྱུང་གི་གཏེར་རྒྱུ་དང་སྐྱེ་དངོས་ཤ་སྟག་ཡིན་པ་དཔེར་ན། ཚོན་སེར་པོའི་རྒྱུ་ཆ་བ་བླ་དང་། དམར་པོའི་རྒྱུ་ཆ་བཙག་དང་མཚལ། སྔོན་པོའི་རྒྱུ་ཆ་རམས་དང་མཐིང་། དཀར་པོའི་རྒྱུ་ཆ་དཀར་རག ལྗང་ཁུའི་རྒྱུ་ཆ་སྤང་། ནག་པོའི་རྒྱུ་ཆ་སྒྲོན་མེ་ཤིང་བསྲེགས་པའི་དུད་དྲེག་སོགས་དང་ད་དུང་ཤིང་སྐྱེར་པ་དང་། ཆུ་རྩྭ། ཤོ་ལོ་མ། སྟར་ཀའི་པགས་པ་སོགས་ཀྱིས་ཀྱང་ཚོས་རྒྱུ་བྱེད་དང་བྱེད་བཞིན་པ་མ་ཟད། གོང་གསལ་གྱི་ཚོན་རྒྱུ་དེ་དག་ལས་རང་རང་གི་ཁ་མདོག་ཐོན་ཐུབ་པ་དང་ལག་རྩལ་མཁས་པས་འདུལ་སྦྱོར་བྱས་པ་བརྒྱུད། ཚོན་མདོག་འདྲ་མིན་སྣ་ཚོགས་ཐོན་ཐུབ་ཀྱི་ཡོད། ལྷག་དོན་དུ་གོང་གསལ་གྱི་ཚོན་རྒྱུ་དེ་དག་རི་མོ་འབྲི་བ་དང་ཁ་གདན་འཐག་བྱེད་རྒྱུ་སྤུན་སོགས་ལ་སྤྱད་ན་དུས་ཡུན་ཇི་ཙམ་རིང་བ་སོང་ན་དེ་ཙམ་གྱིས་ཚོན་མདངས་དེ་བས་ལེགས་སུ་འགྲོ་བ་མཐོང་ཆོས་སུ་གྲུབ་ཡོད་པས། རྒྱལ་སྤྱིའི་ཐོག་བོད་ཀྱི་ཐང་ག་དང་ཁ་གདན་སོགས་ལ་དེ་ཙམ་སྣང་ཆེན་དང་རིན་ཐང་ཆེན་པོ་ཡོད་པའི་རྒྱུ་རྐྱེན་ནི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་མཚོན་ཚུལ་དང་སྒྱུ་རྩལ་དང་ལག་རྩལ་གྱི་རིན་ཐང་ཕུད། ཚོན་མདངས་ཀྱི་མཛེས་ཉམས་དང་ཡུན་གནས་རང་བཞིན་གྱི་དགེ་མཚན་ཆེན་པོ་ཡོད།

    微信图片_20230201102310.jpg

    ཚོན་འདུལ་བཟོ་བྱེད་སྐབས་དང་ཐོག་སྙིགས་རོ་འདོན་ཆེད་ཚགས་རྒྱག་དགོས་པ་དང་ཀོ་བ་དང་རྭ་ཅོ་སོགས་བཙོས་པའི་སྤྱིན་ཆུ་བླུགས་ནས་འདུལ་བཟོ་བྱེད་དགོས། ད་ཆ་གཏེར་རྒྱུའི་ཐོན་ཁུངས་དཀོན་དུ་སོང་བ་དང་། མ་གནས་མཐོ་བ། འདུལ་བཟོ་བྱེད་མཁན་གྱི་ལག་རྩལ་པ་ཉུང་དུ་སོང་བ་སོགས་རྒྱུ་རྐྱེན་མང་པོ་ཡོད་པ་ཕུད། གོང་ཁེའི་རྫས་འགྱུར་གྱི་ཚོས་རྒྱུ་སྣ་ཚོགས་ཐོན་པ་སོགས་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་ཚོན་བཟོའི་ལག་རྩལ་ལ་འགྲན་རྩོད་གསར་པ་འཕྲད་པ་དང་ཉམས་རྒུད་ཆེན་པོ་ཕྱིན་ནས་ད་ཆ་གནའ་བོའི་འཛུགས་སྐྲུན་ཀུང་སི་དང་བོད་ལྗོངས་སློབ་ཆེན་གྱིས་ལག་ལེན་བྱེད་པ་ལས་ཚན་པ་ཆེ་བ་གཞན་དག་ལྷག་མེད་པས་བོད་ཚོན་འདུལ་བཟོའི་ལག་ལེན་ནུབ་རིར་ཕྱོགས་པའི་ཉི་མ་ལྟར་དུ་གྱུར་ཡོད། འོན་ཀྱང་མངོན་མིན་རིག་གནས་ཀྱི་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་ཆེན་པོ་རྒྱག་བཞིན་ཡོད་པ་དང་རིག་གནས་འཕེལ་རྒྱས་ཆེན་པོ་གཏོང་བའི་རྣམ་པ་བཟང་པོའི་འོག་བོད་ཀྱི་ཚོན་སྦྱོར་ལག་རྩལ་དེ་མ་ཉམས་རྒྱུན་འཛིན་ཡོང་བར་རེ་བའི་འོད་སྣང་གསར་པ་ཞིག་འཆར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།